ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཤར་ལྷོའི་ཕྱོགས་སུ་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་ཉེར་གཅིག་ལ་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་ཤར་ལྷོའི་ཕྱོགས་སུ་ཨ་ཏཱ་ནཱ་ཞིང་ཆེན་ནས་ཚེས་ཉེར་བཞིའི་ཉིན་གྱི་ཞོགས་པར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་། མིག་སྔར་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་གཅིག་ལ་རྨས་ཕོག་ཡོད།

བསྒྲགས་པ་ལྟར་ན། ཐུར་ཁེའི་ཤར་ལྷོའི་ཕྱོགས་ཀྱི་ཨ་ཏཱ་ནཱ་ཞིང་ཆེན་གྱི་སྲིད་གཞུང་ཐོག་ཁང་ཆེན་མོའི་རླངས་འཁོར་འཇོག་ས་ནས་ཉིན་དེའི་ཞོགས་པའི་དུས་ཚོད་བརྒྱད་ཡས་མས་སུ་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། མི་སྣར་ཤི་རྨས་བཟོས་པ་ལས་གཞན། འགས་གཏོར་དོན་རྐྱེན་དེ་ལས་རླངས་འཁོར་འཇོག་སའི་རླངས་འཁོར་མང་བོ་མེར་འབར་བ་དང་། ཞིང་ཆེན་སྲིད་གཞུང་གི་ཐོག་ཁང་ཆེན་མོར་ཡང་གཏོར་བརླག་ཐེབས་ཡོད་ཟེར།

འགས་གཏོར་དོན་རྐྱེན་བྱུང་རྗེས། རྒུད་སྐྱོབ་རླངས་འཁོར་དང་མེ་གསོད་རླངས་འཁོར། ཉེན་རྟོག་མི་སྣ་བཅས་ཡུལ་དངོས་སུ་འབྱོར་ནས་རྒུད་སྐྱོབ་བྱ་བ་སྤེལ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།