ཀྲུང་གོ་བོད་ཀྱི་དྲ་བ།

ཨན་པའེ་ཅིན་སན་དང་ཕུའུ་ཅིན་གྱིས་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

62.jpg

འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱི་རྒྱུ་ཆའི་པར་རིས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་བྱས་རྗེས་བསྟན་དོན། ཁོས་བལྟས་ན། མངའ་ཁོངས་གནད་དོན་ཐག་གཅོད་བྱེད་པའི་བྱེད་ཕྱོགས་ལ་ཐོག་མའི་རྣམ་པ་ཙམ་བྱུང་ཡོད་པར་འདོད།

ཨན་པའེ་ཅིན་སན་གྱིས་བཤད་རྒྱུར། མཁའ་ཁོངས་གནད་དོན་ཐག་གཅོད་བྱེད་པའི་བྱེད་ཕྱོགས་ལ་ཐོག་མའི་རྣམ་པ་ཙམ་བྱུང་ཡོད་ཀྱང་། རིམ་པ་བཞིན་དུ་དཀའ་ཁག་ཡོད་ཚད་ཁྱད་སེལ་བྱེད་དགོས། གྲུབ་འབྲས་མངོན་གསལ་ཞིག་ལེན་པར་ལས་སླ་མོ་ཞིག་ཡིན་ཡང་། ངའི་རེ་བ་ཡིན་ན་གོམ་པ་རེ་རེ་བཞིན་གཏན་བརླིང་ངང་མདུན་དུ་བསྐྱོད་དགོས་ཟེར།

བསྒྲགས་པ་ལྟར་ན། ཨུ་རུ་སི་དང་འཇར་པན་གྱི་འབྲེལ་བར་ཐག་གཅོད་བྱེད་མ་ཐུབ་པའི་མངའ་ཁོངས་རྩོད་གླེང་གི་ཤུགས་རྐྱེན་ཐེབས་ཡོད་ཟེར།

འཇར་པན་གྱིས་གཅིག་སྟོང་བརྒྱད་བརྒྱ་ང་ལྔ་གོར་ཨུ་རུ་སི་དང་འཇར་པན་གྱིས་བཀོད་པའི་ཕྱོགས་གཉིས་ཀྱི་ཉོ་ཚོང་དང་མཐའ་མཚམས་ཆིངས་ཡིག་དེ་གཞིར་བཟུང་སྟེ། ཆན་ཏའོ་ལྷོ་མ་གླིང་ཚོམས་ཀྱི་གླིང་ཕྲན་བཞི་ཕྱིར་སྤྲོད་དགོས་པའི་རེ་བ་བཏོན་པ་དང་། གླིང་ཕྲན་དེ་བཞི་ཕྱིར་སྤྲོད་པ་དེ་ཨུ་རུ་སིའི་བར་ཞི་བདེ་ཆིངས་ཡིག་འགོད་པའི་ཆ་རྐྱེན་དུ་བྱས་ཡོད། འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་སྒྲིལ་བའི་ཚུན་ལ་ཆིངས་ཡིག་དེ་འགོད་ཐུབ་མེད།

མའོ་སི་ཁིའི་ལངས་ཕྱོགས་ནི་ཆན་ཏའོ་ལྷོ་མ་གླིང་ཚོམས་དེ་འཛམ་གླིང་འཁྲུག་ཆེན་གཉིས་པའི་མཇུག་འབྲས་ལྟར་དུ་སྐབས་དེའི་སུའུ་ལེན་གྱི་མངའ་ཁོངས་སུ་བཞག་ཡོད་པ་དང་། ཨུ་རུ་སི་ལ་རྩོད་གླེང་བྱེད་མི་དགོས་པའི་བདག་དབང་ཡོད་པར་འདོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།