ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཙུང་ལི་ཡིས་ཨུ་རུ་སི་ཡིས་མུ་མཐུད་དུ་ཀྲུང་གོའི་བར་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་ཕྱོགས་ཡོངས་ཀྱི་གྲོགས་པོའི་འབྲེལ་བ་འཛུགས་པར་བརྩོན་ལེན་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ལི་མེ་ཏི་བེ་ཅེ་ཧྥུའུ་ཡིས་ཚེས་བཅུ་དྲུག་ཉིན་བསྟན་དོན། ཨུ་རུ་སི་ཡིས་མུ་མཐུད་དུ་ཀྲུང་གོའི་བར་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་ཕྱོགས་ཡོངས་ཀྱི་གྲོགས་པོའི་འབྲེལ་བ་འཛུགས་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར། ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་སྲིད་གཞུང་བར་གྱི་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་མའོ་སི་ཁི་ཀྲིག་ཏུ་ཡོད་པའི་ཨུ་རུ་སིའི་སྲིད་གཞུང་གི་ཀི་ཨར་ཅི་བཞུགས་ཤག་ནས་གྲོས་ཚོགས་བསྡུས་ཏེ། ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱི་དཔྱ་ཁྲལ་བཅའ་ཁྲིམས་འཆར་ཟིན་དང་སྨན་རྫས། སྨན་བཅོས་ཡོ་བྱད་བཅས་ཀྱི་གཅིག་གྱུར་ཚོང་རའི་མདུན་སྦྱོར་གནད་དོན་ལ་གྲོས་བསྡུར་བྱས། ཨུ་རུ་སི་དང་ཨུ་རུ་སི་དཀར་པོ། ཧཱ་སག་སི་ཐན། ཅིར་ཅི་སི་སི་ཐན། ཨེ་མེ་ནི་ཡཱ་བཅས་རྒྱལ་ཁབ་ལྔའི་ཙུང་ལི་གྲོས་ཚོགས་ལ་ཞུགས།

མེ་ཏི་བེ་ཅེ་ཧྥུའུ་ཡིས་ཚོགས་ཐོག་ནས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་ཕྱོགས་ཡོངས་ཀྱི་གྲོགས་པོའི་འབྲེལ་བ་དེས་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་ལ་ཟབ་ཞུགས་ཀྱི་གོ་སྐབས་བསྐྲུན་ཡོད། ཨུ་རུ་སི་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་གྲོགས་པོའི་འབྲེལ་བའི་རྨང་གཞིའི་ཐད་ནས་མཉམ་འབྲེལ་ཞིབ་འཇུག་སྤེལ་རྒྱུ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་ཧྲིན་པུས་ཏི་པའོ་ནས་གྲོས་མོལ་བྱེད་སྐབས་གྲོས་བསྡུར་བྱས་ཏེ་ཕལ་ཆེར་གྲོས་འཆམ་བྱུང་ཡོད། མིག་སྔར་ཆེད་མཁས་པས་འཆར་གཞི་དེར་དཔལ་འབྱོར་ཐད་ནས་རྩོད་སྒྲུབ་བྱེད་བཞིན་ཡོད་ཟེར།

མེ་ཏི་བེ་ཅེ་ཧྥུའུ་ཡིས་རྒྱལ་ཁབ་བཞིའི་ཙུང་ལི་ལ་འཕེལ་རྒྱས་གནས་ཚུལ་སྙན་ཞུ་བྱེད་རྒྱུ་ཁས་ལེན་བྱས་པར་མ་ཟད། ཁོ་ཚོ་ངེས་པར་དུ་འབྲེལ་ཡོད་ཀྱི་གྲོས་མོལ་ནང་ཞུགས་དགོས་པའི་རེ་བ་བཏོན།

ད་ལོའི་ཟླ་དྲུག་པར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཧྲིན་པུས་ཏི་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་དང་རྒྱ་གར། ཀྲུང་གོ། རང་བཙན་མནའ་འབྲེལ་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ། དེ་མིན་རྒྱལ་ཁབ་གཞན་པ་བཅས་ཞུགས་པའི་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་གྲོགས་པོའི་འབྲེལ་བ་འཛུགས་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། གཞི་གཅིག་ཅན་གྱི་གྲུབ་ཚུལ་སྒྲོམ་གཞིའི་ནང་རོགས་ལས་ལ་ཤུགས་སྣོན་དགོས་པའི་འདོད་བློ་བཏོན།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།