ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱིས་སི་རི་ཡཱའི་ཀྲུང་དབྱང་དངུལ་ཁང་གི་མགོ་བ་དང་པུའུ་ཀྲང་བཅུ་བདུན་བཀག་སྡོམ་གྱི་མིང་ཐོའི་ནང་བཞག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚེས་བཅུ་བཞིའི་ཉིན་སི་རི་ཡཱའི་ཀྲུང་དབྱང་དངུལ་ཁང་གི་མགོ་བ་དང་སྲིད་གཞུང་གི་པུའུ་ཀྲང་བཅུ་བདུན་རྒྱལ་ཁབ་དེའི་དྲག་ཤུགས་ལ་བརྟེན་ནས་མི་སེར་དཀྱུས་མར་དྲག་གནོན་བྱེད་མཁན་གྱི་བཀག་སྡོམ་མིང་ཐོའི་ནང་འཇོག་རྒྱུ་ཐག་བཅད།

ཡོ་རོབ་གླིང་མནའ་འབྲེལ་གྱི་པུའུ་ཀྲང་ལས་འཛིན་ཚོགས་པའི་གསར་འགྱུར་ཚགས་པར་ཞིག་གིས་བཤད་རྒྱུར། མིང་ཐོ་དེའི་སྟེང་ཡོད་པའི་མི་སྣ་དག་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྲོ་བར་བཀག་འགོག་བྱེད་པ་དང་། ཁོ་ཚོའི་ཡོ་རོབ་གླིང་མནའ་འབྲེལ་ཁྱབ་ཁོངས་ཀྱི་རྒྱུ་ནོར་བཀག་ཉར་བྱེད་རྒྱུ་ཡིན་ཟེར།

ཡོ་རོབ་གླིང་མནའ་འབྲེལ་གྱི་ཉིན་དེའི་ཆོད་དོན་གྱིས་བཀག་སྡོམ་མིང་ཐོའི་སྟེང་གི་མི་གྲངས་ཉིས་བརྒྱ་དང་སོ་བཞིར་བསླེབ་ཡོད།

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཉེ་སྔོན་སི་རི་ཡཱ་ལ་ལག་བསྟར་བྱས་པའི་བཀག་སྡོམ་བྱེད་ཐབས་ལ་མཚོན་ཆ་དང་རྡོ་སྣུམ་སྐྱེལ་འདྲེན་ལ་གཏན་འགོག་བྱེད་པ་དང་། ཁྱབ་ག་གེ་མོའི་དངུལ་གཏོང་གཏན་འགོག་བྱེད་པ། སི་རི་ཡཱའི་ཀྲུང་དབྱང་དངུལ་ཁང་གི་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱུ་ནོར་བཀག་ཉར་བྱེད་པ་སོགས་འདུས། ཡོ་རོབ་གླིང་མནའ་འབྲེལ་གྱིས་ད་རུང་སི་རི་ཡཱ་ལ་ནང་ཁུལ་གྱི་དྲག་གནོན་ཐད་བཀོལ་བའི་སྒྲིག་ཆས་དང་ལག་རྩལ་ཕྱིར་གཏོང་བྱེད་པར་བཀག་འགོག་བྱེད་བཞིན་ཡོད།

ཉིས་སྟོང་བཅུ་གཅིག་ལོར་སི་རི་ཡཱའི་ཉམས་ཉེན་བྱུང་བའི་ཚུན་ལ། སི་རི་ཡཱའི་ཙུང་ཐུང་ཨ་སཱ་ཏིའི་སྲིད་གཞུང་ནམ་རྒྱུན་ནུབ་ཕྱོགས་རྒྱལ་ཁབ་དག་གིས་གྲོགས་མེད་ཁེར་རྐྱང་དུ་ཕུད་བཞིན་ཡོད། ཉིས་སྟོང་བཅུ་གཅིག་ལོའི་ཟླ་ལྔ་བར། ཡོ་རོབ་གླིང་མནའ་འབྲེལ་གྱིས་སི་རི་ཡཱ་ལ་མཚོན་ཆའི་སྐྱེལ་འདྲེན་གཏན་འགོག་བྱེད་པ་སོགས་བཀག་སྡོམ་བྱེད་ཐབས་མང་བོ་ལག་བསྟར་བྱེད་རྒྱུ་ཐག་བཅད་པ་དང་། དེའི་རྗེས་སུ་ཐེངས་མང་བོར་བཀག་སྡོམ་ཁྱབ་ཁོངས་རྒྱ་བསྐྱེད་པ་རེད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།