ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇི་ཡིས་ཨེ་ཤ་ཡཱའི་དངུལ་གཏོང་དངུལ་ཁང་ལ་དབྱིན་ཇིའི་སྒོར་མོ་བྱེ་བ་བཞི་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱིན་ཇིའི་ནོར་སྲིད་པུའུ་ཡིས་ཚེས་བཅུའི་ཉིན་ཁྱབ་སྒྲོག་བྱས་དོན། དབྱིན་ཇི་རྒྱལ་ཁབ་ཀྱིས་ཨེ་ཤ་ཡཱའི་རྨང་གཞིའི་སྒྲིག་ཆས་དངུལ་གཏོང་དངུལ་ཁང་ལ་དབྱིན་ཇིའི་སྒོར་མོ་བྱེ་བ་བཞི་བཏང་སྟེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་རྨང་གཞིའི་སྒྲིག་ཆས་ལས་གཞི་སོགས་ཀྱི་ཆེད་སྤྱོད་ཐེབས་རྩར་རོགས་སྐྱོར་བྱེད་རྒྱུ་ཡིན་ཟེར། དེ་བས་དབྱིན་ཇི་རྒྱལ་ཁབ་དེ་ཀྲུང་གོའི་རྗེས་སུ་ཆེད་སྤྱོད་ཐེབས་རྩ་དེར་མ་དངུལ་གཏོང་མཁན་གྱི་རྒྱལ་ཁབ་གཉིས་པ་རེད།

ཀྲུང་གོ་དང་དབྱིན་ཇིའི་དཔལ་འབྱོར་ནོར་སྲིད་གྲོས་མོལ་ཐེངས་བརྒྱད་པ་ཚེས་བཅུའི་ཉིན་ལོན་ཏོན་ནས་ཚོགས་པ་དང་། གྲོས་མོལ་ཚོགས་འདུའི་རྗེས་སུ་ཁྱབ་སྒྲོག་བྱས་པའི་སྲིད་ཇུས་གྲུབ་འབྲས་ལས་མངོན་པ་ལྟར་ན། ཕྱོགས་གཉིས་ཀྱིས་ཐེངས་འདིའི་གྲོས་མོལ་སྐབས་སུ་མཉམ་ལས་གྲོས་མཐུན་མང་བོ་བཀོད་ཡོད་པ་དང་། ཕྱོགས་གཉིས་ཀྱིས་ཨེ་ཤ་ཡཱའི་རྨང་གཞིའི་སྒྲིག་ཆས་དངུལ་གཏོང་དངུལ་ཁང་གི་ཁྱབ་ཁོངས་འོག་འབྲེལ་འདྲིས་མཐུན་སྦྱོར་དང་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཁོངས་གཏོགས་རྒྱལ་ཁབ་གཞན་དག་དང་མཉམ་དུ་ཨེ་ཤ་ཡཱའི་རྨང་གཞིའི་སྒྲིག་ཆས་དངུལ་གཏོང་དངུལ་ཁང་དེ་དུས་རབས་ཉེར་གཅིག་པའི་རྣམ་པ་གསར་བའི་ཕྱོགས་མང་གསར་སྤེལ་དངུལ་ཁང་ཞིག་ཏུ་བསྐྲུན་པར་འཐད་པ་བྱུང་།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།