ཀྲུང་གོ་བོད་ཀྱི་དྲ་བ།

འཁྱག་གླིང་གིས་སྐབས་གསར་བའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུརཁ་ཁང་གི་གློག་འཕྲིན་ལྟར། འཁྱག་གླིང་གིས་ཟླ་བཅུ་བའི་ཚེས་ཉེར་དགུའི་ཉིན་སྐབས་གསར་བའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། འདེམ་དམངས་ཀྱིས་རྒྱལ་ཡོངས་ཀྱི་འདེམ་ཁུལ་དྲུག་ནས་གྲོས་མི་རེ་གསུམ་བདམས་ཐོན་འབྱུང་རྒྱུ་རེད། ཐེངས་འདིའི་འདེམ་བསྐོའི་འགྲན་རྩོད་ཅུང་ཛ་དྲག་ཡིན་པ་དང་། སྲིད་འཛིན་པའི་དབུས་གཡས་མནའ་འབྲེལ་གྱིས་བསྟུད་འགན་ཁུར་བར་བརྩོན་ལེན་བྱེད་པའི་གནས་ཚུལ་དེ་འདྲ་བཟང་རྒྱུ་མེད། ཐེངས་འདིའི་འདེམ་བསྐོའི་ཁྲིམས་མཐུན་འདེམ་དམངས་ཀྱི་ཁ་གྲངས་ནི་མི་འབུམ་གཉིས་དང་ཁྲི་བཞི་སྟོང་བདུན་ཙམ་ཡོད་པ་དང་། འདེམ་བསྐོའི་མཇུག་མཐའི་མཇུག་འབྲས་དེ་ས་དེའི་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་ཁྱབ་སྒྲོག་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།