ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་དུས་ཚོད་དོན་གཉིས་རིང་འཁྲུག་རྩོད་མཚམས་འཇོག་པར་དགའ་བསུ་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པ་དང་དེའི་མནའ་མཐུན་སྔོན་ཆད་ཀྱི་ཙུང་ཐུང་སཱ་ལེ་ཧི་ཡིས་ཚེས་བཅོ་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཏོན་པའི་ཡེ་མིན་འཁྲུག་རྩོད་ཕྱོགས་ཁག་སོ་སོས་དུས་ཚོད་དོན་གཉིས་རིང་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞིར་དགའ་བསུ་བྱེད་པའི་ཚུལ་བསྟན།

ཡེ་མིན་གྱི་སཱ་པཱ་འཕྲིན་གཏོང་ཁང་བརྒྱུད་དེ་སྤེལ་བའི་གསལ་སྒྲོག་དེ་ལས་བཤད་རྒྱུར། ཡེ་མིན་གྱི་ཆེས་མཐོའི་ཆབ་སྲིད་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཏོན་པའི་དུས་ཚོད་དོན་གཉིས་རིང་ཆ་རྐྱེན་ཅི་ཡང་མེད་པར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞིར་དགའ་བསུ་བྱེད་བཞིན་ཡོད་པ་དང་། སོ་ཏི་ཨ་རབ་ཀྱིས་ཡེ་མིན་གྱི་བཙན་འཛུལ་མཚམས་འཇོག་པ་དང་བཀག་སྡོམ་མེད་པར་གཏོང་དགོས་པའི་རེ་བ་བཏོན།

ཡེ་མིན་གྱི་ཙུང་ཐུང་ཧཱ་ཏིས་ཀྱིས་ཚེས་བཅུ་བདུན་ཉིན་ཁྱབ་སྒྲོག་བྱས་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུལ་འདེད་འོག ཡེ་མིན་གྱི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་དུས་ཚོད་དོན་གཉིས་རིང་འཁྲུག་རྩོད་མཚམས་འཇོག་དགོས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་ཆེད་མངག་ཕོ་ཉ་ཨེ་ཧཱ་མེད་ཏི་ཡིས་དེའི་སྔོན་ཁྱབ་སྒྲོག་བྱས་དོན། ཐེངས་འདིའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེ་ཚེས་བཅུ་དགུའི་ཉིན་གྱི་དགོང་མོའི་དུས་ཚོད་ཉེར་གསུམ་དང་སྐར་མ་ང་དགུའི་སྟེང་ནུས་ལྡན་དུ་འགྱུར་སྲིད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།