ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པ་སྐོར་ཞིག་གིས་མི་སེར་དཀྱུས་མར་དྲག་གནོན་བྱེད་བཞིན་ཡོད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་ཨན་ཏུང་ནོའུ་ཧྥུའུ་ཡིས་ཚེས་བདུན་ཉིན་བཤད་རྒྱུར། སི་རི་ཡཱའི་སྲིད་གཞུང་དམག་དཔུང་དང་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་ཨ་ལེ་ཕའོ་ཤར་ཕྱོགས་ས་ཁུལ་དུ་འཁྲུག་རྩོད་བྱེད་བཞིན་ཡོད། སི་རི་ཡཱ་རུ་སྡོད་པའི་ཨུ་རུ་སིའི་འཁྲུག་རྩོད་འདུམ་འགྲིག་མཐུན་སྦྱོར་ལྟེ་གནས་ཀྱིས་ཨ་ལེ་ཕའོ་ཤར་ཕྱོགས་ས་ཁུལ་ནས་ཕྱིར་འཐེན་བྱེད་པའི་རྒྱུ་ལམ་བདུན་གསར་ཏུ་བཏོན་ཡོད་ཀྱང་། ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་ཕྱིར་འཐེན་བྱེད་སའི་རྒྱུ་ལམ་དུ་ས་འོག་འགད་རྫས་སྦས་ཡོད་པར་མ་ཟད། བྲོས་བྱོལ་བྱས་པའི་མི་སེར་དཀྱུས་མར་དྲག་གནོན་བྱེད་བཞིན་ཡོད་ཟེར། ཨ་ལེ་ཕའོ་གྲོང་ཁྱེར་གྱི་འཁྲུག་རྩོད་བྱེད་སར་རྨས་མ་མང་བོ་ཡོད་ཀྱང་། ངོ་རྒོལ་ཕྱོགས་ཁག་གི་བཀོད་འདོམ་དཔོན་པོས་སྨན་རྫས་དང་ཟས་རིགས་སྐྱེལ་འདྲེན་བྱེད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒུད་སྐྱོབ་རླངས་འཁོར་གྲོང་ཁྱེར་དེའི་ཤར་ཕྱོགས་ས་ཁུལ་དུ་ཡོང་བར་གཏན་འགོག་བྱེད་བཞིན་ཡོད། དེ་ལས་གཞན་ཨུ་རུ་སིས་ཤེས་གསལ་ལྟར་ན། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་རུ་ཁག་བཅུ་ཡིས་འཇིགས་སྐུལ་རྩ་འཛུགས་ཀྱི་ཆེད་དུ་འཐབ་འཁྲུག་བྱེད་བཞིན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།