ཀྲུང་གོ་བོད་ཀྱི་དྲ་བ།

བུད་མེད་གསུམ་གྱིས་ཁུན་ནེ་ཡཱའི་ཉེན་རྟོག་ཅུའུ་ཞིག་ལ་འཇབ་རྒོལ་བྱས་རྗེས་ཉེན་རྟོག་ཕྱོགས་ཀྱིས་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁུན་ནེ་ཡཱའི་ས་གནས་ཉེན་རྟོག་པས་མཚམས་སྦྱོར་བྱས་པ་ལྟར་ན། བུད་མེད་གསུམ་གྱིས་ཚེས་བཅུ་གཅིག་ཉིན་ཁུན་ནེ་ཡཱའི་ཤར་ཕྱོགས་མཚོ་འགྲམ་གྲོང་ཁྱེར་མིན་པཱ་སཱ་ཡི་ཉེན་རྟོག་ཅུའུ་ཞིག་ལ་འཇབ་རྒོལ་བྱས་པ་དང་། དེའི་རྗེས་སུ་ཉེན་རྟོག་ཕྱོགས་ཀྱིས་བུད་མེད་དེ་གསུམ་པོ་བསད་པ་རེད་ཟེར།

མིན་པཱ་སཱ་ཡི་ཉེན་རྟོག་དཔོན་པོ་མཱེ་ཨེ་ལོ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཉིན་དེར། བུད་མེད་གསུམ་གྱི་གཅིག་གིས་ཉེན་རྟོག་ཅུའུ་ལ་རླངས་སྣུམ་གྱི་དམ་བུ་གཡུགས་ནས་མེར་སྒྲོན་པ་དང་། བུད་མེད་གཞན་ཞིག་གིས་ཉེན་རྟོག་ཅུའུ་ཡི་ཉེན་རྟོག་པ་གཉིས་ལ་གྲིས་བརྒྱབ་པ་རེད། བུད་མེད་དེ་གསུམ་ཉེན་རྟོག་པས་བསད་པ་དང་། ཁོ་མོ་ཚོས་ལུས་ལ་མདའ་འགོག་ལྭ་བ་གྱོན་ཡོད་པ་རེད།

མིག་སྔར་བདེ་འཇགས་མི་སྣས་འཇབ་རྒོལ་བྱེད་སའི་ཡུལ་དངོས་བཀག་སྡོམ་བྱས་པ་དང་། རྨས་ཕོག་པའི་ཉེན་རྟོག་པ་གཉིས་ཀྱང་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད།

མཱེ་ཨེ་ལོ་ཡིས་བཤད་རྒྱུར། དེ་ནི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཞིག་ཡིན་པ་དང་། ཉེན་རྟོག་ཕྱོགས་ཀྱིས་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།

མིག་སྔར། རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་མེད་ཀྱང་། སོ་མཱ་ལིའི་ན་གཞོན་ཏང་གིས་ནམ་རྒྱུན་ཁུན་ནེ་ཡཱ་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བཟོ་རྩིས་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།