ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ཁི་ཨར་གྱིས་འཇར་མན་དང་ཧྥ་རན་སི་ཡིས་མཉམ་འབྲེལ་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལས་རྣམ་པར་རྒྱལ་དགོས་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

5.jpg

ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན། ཧྥ་རན་སིའི་ནེ་སི་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་ནས་ཉིན་གསུམ་འགོར་བ་དང་། དོན་རྐྱེན་དེ་ལས་བཟོས་པའི་གནོད་སྐྱོན་ཞི་འཇགས་སུ་སོང་མེད་ལ། རྨས་མ་མང་བོས་སྔར་བཞིན་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་མན་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ལ་བསྟུད་མར་འཇབ་རྒོལ་དོན་རྐྱེན་བྱུང་བའི་སྐབས་སུ། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་ཉེར་བདུན་ཉིན་ཧྥ་རན་སིའི་ཆོས་ཁང་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ཐད་ནས་ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ལ་འཚམས་འདྲིའི་གློག་འཕྲིན་བཏང་། འཚམས་འདྲིའི་གློག་འཕྲིན་ནང་མའོ་ཁི་ཨར་གྱིས་བསྟན་དོན། ཉེ་བའི་ཉིན་འགའི་རིང་། ཐུན་མོང་གི་འགྲན་རྩོད་ལས་འཇར་མན་དང་ཧྥ་རན་སི་རྒྱལ་ཁབ་གཉིས་དམ་པོར་སྦྲེལ་ཡོད་ཟེར། ཁོ་མོས་ནན་གྱིས་བསྟན་དོན། འཇར་མན་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ལ་ཆོད་སེམས་བརྟན་པོ་ཡོད་པ་དང་། དཔུང་བ་མཉམ་གཤིབ་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལས་རྣམ་པར་རྒྱལ་ངེས་ཡིན་ཟེར།

ཚེས་ཉེར་བདུན་ཉིན་འཚམས་འདྲིའི་གློག་འཕྲིན་ནང་མའོ་ཁི་ཨར་གྱིས་བསྟན་དོན། ཧྥ་རན་སི་ལ་ཉེ་སྔོན་ཐེབས་པའི་འཇབ་རྒོལ་དོན་རྐྱེན་ལ་འཇར་མན་གྱི་མི་ཚང་མ་སྐྱོ་ངལ་ཆེན་པོ་སྐྱེས་ཡོད། ཧྥ་རན་སིའི་ཡེ་ཤུའི་ཆོས་ལུགས་ཀྱི་དད་ལྡན་པར་འཇབ་རྒོལ་ཐེབས་པར་ང་ཚོས་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་ཟེར། མའོ་ཁི་ཨར་གྱིས་རྐྱེན་ལམ་དུ་ཤོར་བའི་ཆོས་དཔོན་དང་དེའི་ཁྱིམ་མིར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས་པར་མ་ཟད། རྨས་མ་དག་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས།

ཁོ་མོས་བསྟན་དོན། འཇར་མན་གྱིས་ཧྥ་རན་སི་དང་མཉམ་དུ་དགྲ་བོར་འཐབ་རྩོད་བྱས་ཏེ་རྒྱལ་ཁ་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།

འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཧྲི་ཐེ་ཡུན་མེད་ཨར་གྱིས་དེའི་སྔོན་ནན་གྱིས་བསྟན་དོན། འཇབ་རྒོལ་མཁན་གྱིས་འཇིགས་ཉེན་སློང་བར་མ་ཟད། ཡོ་རོབ་གླིང་གི་སྤྱི་ཚོགས་ཟང་ཟིང་དུ་གཏོང་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།