ཀྲུང་གོ་བོད་ཀྱི་དྲ་བ།

ཚོགས་ཡུན་ཉིན་གཉིས་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནོར་སྲིད་པུའུ་ཀྲང་དང་ཀྲུང་དབྱང་དངུལ་ཁང་གི་མགོ་གཙོའི་གྲོས་ཚོགས་སི་ཁྲོན་ཁྲིན་ཏུའུ་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚོགས་ཡུན་ཉིན་གཉིས་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནོར་སྲིད་པུའུ་ཀྲང་དང་ཀྲུང་དབྱང་དངུལ་ཁང་གི་མགོ་གཙོའི་གྲོས་ཚོགས་ཚེས་ཉེར་གསུམ་ཉིན་སི་ཁྲོན་ཁྲིན་ཏུའུ་ནས་ཚོགས་པ་དང་། ཕྱོགས་སོ་སོས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གྱི་མདུན་དུ་ལྷགས་པའི་ཉེན་ཁ་དང་འགྲན་རྩོད་དང་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ཐོག་མའི་ཁ་ཕྱོགས་གཏན་འཁེལ་བྱེད་པ་དང་། དངུལ་ལོར་ལས་ཁུངས་ཀྱི་བཅོས་སྒྱུར། དངུལ་གཏོང་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་གྲོས་གཞི་ལ་གྲོས་བསྡུར་བྱས།

ཚོགས་འདུར་ཞུགས་པའི་ཕྱོགས་སོ་སོས་ཐེངས་འདིའི་གྲོས་ཚོགས་ནས་ནོར་སྲིད་དང་དངུལ་ལོར་ཁྱབ་ཁོངས་སུ་རྒྱལ་སྤྱིའི་མཉམ་ལས་ཇེ་མང་དུ་གཏོང་བ་དང་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་བསྣན་ནས་སྲིད་ཇུས་ཕྱོགས་ཀྱི་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱེད་པར་རེ་སྒུག་བྱས་ཡོད། ཐེངས་འདིའི་ཁྲིན་ཏུའུ་གྲོས་ཚོགས་ནི་ད་ལོར་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནོར་སྲིད་པུའུ་ཀྲང་དང་ཀྲུང་དབྱང་དངུལ་ཁང་གི་མགོ་གཙོའི་མཇུག་མཐའི་གྲོས་ཚོགས་ཡིན་པའི་ཆ་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནོར་སྲིད་དང་དངུལ་ལོར་ཐབས་ལམ་གྱི་གྲུབ་འབྲས་ཀྱིས་ད་ལོའི་ཟླ་དགུ་བར་འཚོགས་པའི་ཧང་ཀྲིག་མཐོ་རིམ་གྲོས་ཚོགས་སྟེང་ཐུན་མོང་གི་ལྟ་ཚུལ་འབྱུང་བར་རྨང་གཞི་བརྟན་པོ་འདིང་ངེས་རེད། 

རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།