ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་ནེ་སི་རུ་དངོས་སྐྱེལ་རླངས་འཁོར་མི་ཚོགས་ཁྲོད་ཤོར་བའི་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་དོན་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ནེ་སི་ནས་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་དངོས་སྐྱེལ་རླངས་འཁོར་མི་ཚོགས་ཁྲོད་ཤོར་བའི་དོན་རྐྱེན་བྱུང་། མིག་སྔར་དོན་རྐྱེན་དེ་ལས་མི་དོན་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་ཕྲག་ལྷག་ལ་རྨས་ཕོག་ཡོད། བསྒྲགས་པའི་གནས་ཚུལ་གསར་བ་ལྟར་ན། ནེ་སིའི་ས་གནས་དཔོན་རིགས་ཀྱིས་བཤད་རྒྱུར། མི་ལ་ཐོ་བརྒྱབ་པའི་དངོས་སྐྱེལ་རླངས་འཁོར་དེའི་ནང་མཚོན་ཆ་དང་ལག་འབོམ་སོགས་དྲུད་ཡོད་པ་རེད།

ཚེས་བཅུ་བཞིའི་ཉིན་གྱི་དགོང་མོར། ཧྥ་རན་སིའི་ནེ་སིའི་མིང་དུ་གྲགས་པའི་མཚོ་འགྲམ་ལམ་ཆེན་སྟེང་མང་ཚོགས་མང་བོ་རྒྱལ་སྟོན་གྱི་ཚོན་ལྡན་ཤོག་སྦག་གི་འཚར་ཉམས་ལ་རོལ་སྐབས། དངོས་སྐྱེལ་རླངས་འཁོར་ཞིག་མགྱོགས་མོར་མི་ཚོགས་ཁྲོད་ཤོར་ནས་མི་སྣར་ཤི་རྨས་ཚབས་ཆེན་བཟོས་པ་རེད།

བསྒྲགས་པ་ལྟར་ན། དོན་རྐྱེན་དེའི་ཁྲོད་མི་གཏའ་བཙན་ཁྲིད་བྱས་པའི་དོན་རྐྱེན་བྱུང་མེད་པ་དང་། དངོས་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་བསད་པ་རེད། ནེ་སིའི་དབང་འཛིན་ལས་ཁུངས་ཀྱི་མཐོ་རིམ་དཔོན་པོས་བཤད་རྒྱུར། དངོས་སྐྱེལ་རླངས་འཁོར་དེའི་སྟེང་མཚོན་ཆ་དང་ལག་འབོམ་སོགས་རྙེད་ཡོད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།