ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་རང་གི་འཐབ་འཁྲུག་པུའུ་ཀྲང་དབྱི་རག་ནས་རྐྱེན་ལམ་དུ་ཤོར་བ་བདེན་དཔང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཚེས་བཅུ་གསུམ་ཉིན་རྒྱབ་སྐྱོར་བྱེད་པའི་ཨ་མཱ་ཁི་གསར་འགྱུར་ཁང་བརྒྱུད་དེ་བདེན་དཔང་བྱས་དོན། རྩ་འཛུགས་དེའི་ཕ་ཡུལ་ཀི་ལུའུ་ཅི་ཡཱ་ནས་ཡིན་པའི་མཐོ་རིམ་མགོ་བ། འཐབ་འཁྲུག་པུའུ་ཀྲང་ཞི་ཧྲ་ནེ་ཉེ་སྔོན་དབྱི་རག་བྱང་ཕྱོགས་ནས་རྐྱེན་ལམ་དུ་ཤོར་ཟེར། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ད་ལོའི་ཟླ་གསུམ་པར་ཞི་ཧྲ་ནེ་ཚར་གཅོད་བྱས་པར་བཤད་པ་དེ་སྐབས་ཐོག་དེར་དབྱི་སི་ལན་རྒྱལ་ཁབ་ཀྱིས་ཁས་ལེན་མ་བྱས།

ཨ་མཱ་ཁི་གསར་འགྱུར་ཁང་གིས་བཤད་རྒྱུར། ཞེ་ཧྲ་ནེ་དབྱི་རག་བྱང་ཕྱོགས་ཀྱི་མའོ་སུའུ་ཨར་གྲོང་ཁྱེར་ལྷོ་ངོས་ཀྱི་ཞི་ཨར་ཁཱ་ཐིའི་འཐབ་འཁྲུག་འགུལ་སྐྱོད་ཅིག་གི་ཁྲོད་རྐྱེན་ལམ་དུ་ཤོར་ཟེར། བསྒྲགས་པའི་གནས་ཚུལ་ལས་དོན་རྐྱེན་དེའི་བརྒྱུད་རིམ་དང་དུས་ཚོད་གསལ་བོར་བཤད་མེད།

དབྱི་རག་སྲིད་གཞུང་གི་བདེ་འཇགས་བློ་འདོན་པ་ཧཱ་ཞེ་མུས་ཀྱིས་བཤད་རྒྱུར། ཞེ་ཨར་ཁཱ་ཐི་ཡི་འབྲེལ་ཡོད་མི་སྣས་བདེན་དཔང་བྱས་པ་ལྟར་ན། ཞེ་ཧྲ་ནེ་གནས་དེར་ཤི་བ་དོན་དངོས་ཡིན་པ་དང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཁོངས་མི་འགའ་ཡང་ཁོ་དང་མཉམ་དུ་ཤི་བ་རེད་ཟེར།

ཟུར་ལྔའི་ཐོག་ཁང་ཆེན་མོའི་དཔོན་རིགས་ཀྱིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། ཨ་མཱ་ཁི་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལ་དོ་སྣང་བྱེད་བཞིན་ཡོད་པ་དང་། མིག་སྔར་གནས་ཚུལ་དེ་བདེན་པ་ཡིན་ནམ་བདེན་དཔང་བྱེད་ཐབས་མེད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།