ཀྲུང་གོ་བོད་ཀྱི་དྲ་བ།

ཨོ་པཱ་མཱ་ཡིས་ལས་རིགས་སོ་སོས་མཉམ་དུ་འབད་བརྩོན་བྱས་ཏེ་ཨ་མེ་རི་ཁའི་རིགས་རྒྱུད་རིང་ལུགས་དང་དྲག་ཤུགས་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

101.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན། ཨ་མེ་རི་ཁའི་ཏི་ཁི་སཱ་སི་ཀྲིག་བྱང་ཕྱོགས་ཀྱི་ཏཱ་ལཱ་སི་གྲོང་ཁྱེར་ནས། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་རྐྱེན་ལམ་དུ་ཤོར་བའི་ཉེན་རྟོག་པར་མྱ་ངན་ཞུ་བའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ། ཉིན་དེར་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཏི་ཁི་སཱ་སི་ཀྲིག་བྱང་ཕྱོགས་ཀྱི་ཏཱ་ལཱ་སི་གྲོང་ཁྱེར་ནས་སྤེལ་བའི་རྐྱེན་ལམ་དུ་ཤོར་བའི་ཉེན་རྟོག་པ་ལྔར་མྱ་ངན་ཞུ་བའི་མཛད་སྒོའི་སྟེང་། རྔམ་སྟོན་མཁན་དང་ཉེན་རྟོག་ཕྱོགས། མང་ཚོགས་བཅས་ཀྱིས་ཕྱོགས་རིས་ཀྱི་ལྟ་ཚུལ་དོར་ནས་ཕན་ཚུན་བློ་གཏོད་བྱེད་པ་དང་། མཉམ་དུ་འབད་བརྩོན་བྱས་ཏེ་ཨ་མེ་རི་ཁ་རྒྱལ་ནང་གི་ཉིན་རེར་ཛ་དྲག་ཏུ་འགྱུར་བཞིན་པའི་རིགས་རྒྱུད་གནད་དོན་དང་དྲག་ཤུགས་བྱ་འགུལ་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། ཨ་མེ་རི་ཁའི་ཏི་ཁི་སཱ་སི་ཀྲིག་བྱང་ཕྱོགས་ཀྱི་ཏཱ་ལཱ་སི་གྲོང་ཁྱེར་ནས་ཚེས་བདུན་ཉིན་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་ཉེན་རྟོག་པ་ལྔ་བསད་པ་དང་། ཉེན་རྟོག་པ་བདུན་ལ་རྨས་ཕོག

102.jpg

འདི་ནི་ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན་ཨ་མེ་རི་ཁའི་ཏི་ཁི་སཱ་སི་ཀྲིག་བྱང་ཕྱོགས་ཀྱི་ཏཱ་ལཱ་སི་གྲོང་ཁྱེར་ནས་རྐྱེན་ལམ་དུ་ཤོར་བའི་ཉེན་རྟོག་པར་མྱ་ངན་ཞུ་བའི་མཛད་སྒོའི་ཡུལ་དངོས་ཀྱི་རྣམ་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།