བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན་སྐབས་རྗེས་མའི་དྲུང་ཡིག་ཆེན་མོའི་འདེམ་སྒུག་མི་སྣའི་ཐད་ནས་རེ་འདོད་རང་བཞིན་གྱི་འདེམ་ཤོག་འཕེན་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་འདིའི་རེས་སྐོར་ཀྲུའུ་ཞི། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཇར་པན་གྱི་འཐུས་མི་པེ་སུའུ་ཧའོ་ལིང་གིས་ཟླ་བདུན་པའི་ཚེས་གཅིག་ཉིན་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན་སྐབས་རྗེས་མའི་དྲུང་ཡིག་ཆེན་མོའི་འདེམ་སྒུག་མི་སྣའི་ཐད་ནས་ཐོག་དང་པོར་རེ་འདོད་རང་བཞིན་གྱི་འདེམ་ཤོག་འཕེན་རྒྱུ་རེད། པེ་སུའུ་ཧའོ་ལིང་གིས་བཤད་རྒྱུར། རེ་འདོད་རང་བཞིན་གྱི་འདེམ་ཤོག་འཕེན་པ་ནི་ཐབས་ཇུས་དང་འབྲེལ་བའི་བརྒྱུད་རིམ་ཞིག་ཡིན་པས། གསང་སྟབས་ཀྱིས་སྤེལ་རྒྱུ་ཡིན་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཇུག་མཐར་གྲོས་ཆོད་ཅག་བཀོད་དེ་དངོས་སུ་ཐག་གཅོད་བྱེད་རྒྱུ་རེད་ཟེར།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།