ཀྲུང་གོ་བོད་ཀྱི་དྲ་བ།

ལི་པི་ཡའི་སྲིད་གཞུང་གི་སྲུང་དམག་རུ་ཁག་ལ་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་འགད་རྫས་ཀྱི་འཇབ་རྒོལ་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-06-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་སྲུང་དམག་རུ་ཁག་གི་གསར་འགྱུར་མགྲིན་ཚབ་པས་ཚེས་བཅུ་གཉིས་ཉིན་བདེན་དཔང་བྱས་པ་ལྟར་ན། སྲིད་གཞུང་སྲུང་དམག་རུ་ཁག་ལ་ཉིན་དེར་ནུབ་ཕྱོགས་ཀྱི་གྲོང་ཁྱེར་སུའུ་ཨར་ཐི་ནས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་སྤེལ་བའི་རང་སྲོག་གཅོད་པའི་ཚུལ་གྱི་འགས་གཏོར་འཇབ་རྒོལ་ཐེབས་པ་དང་། མི་སྔར་མི་སྣ་ཤི་རྨས་ཀྱི་གྲངས་ཀ་ད་དུང་བསྒྲགས་མེད། སྲིད་གཞུང་སྲུང་དམག་རུ་ཁག་གི་གསར་འགྱུར་མགྲིན་ཚབ་པས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་ནི་སྲིད་གཞུང་སྲུང་དམག་དཔུང་རུ་ཁག་གི་རི་འཐབ་སྨན་ཁང་ཞིག་གི་ཉེ་འདབས་ནས་བྱུང་བ་རེད་ཟེར།

མིག་སྔར་སྲིད་གཞུང་སྲུང་དམག་རུ་ཁག་གིས་དཔུང་འཇུགས་བྱས་ཏེ་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་མི་སྣ་ལྷག་མ་རྣམས་ཚར་གཅོད་བྱེད་བཞིན་ཡོད་པ་དང་། ཁོ་ཚོས་སུའུ་ཨར་ཐི་གྲོང་ཁྱེར་ཕྱིར་འཕྲོག་ཡོད་པ་དང་། གྲུ་ཁ་གཙོ་བོ་ཡང་བདག་ཏུ་བཟུང་ཡོད། དེས་མི་ཚད་གྲོང་ཁྱེར་དེའི་དཀྱིལ་དབུས་ཕྱོགས་སུ་དཔུང་འཇུག་བྱེད་བཞིན་ཡོད། ཚེས་བཅུ་གཅིག་ཉིན་སྲིད་གཞུང་སྲུང་དམག་རུ་ཁག་གིས་སུའུ་ཨར་ཐི་ནས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་མི་སྣར་འཐབ་འཁྲུག་དྲག་པོ་བརྒྱབ་པ་དང་། འཐབ་འཁྲུག་ཁྲོད་ནས་དམག་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་ལ། མི་སུམ་ཅུ་སོ་གསུམ་ལ་རྨས་ཕོག  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།