ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་སྨྱན་བྱད་ཀྱི་མཉམ་ལས་ལས་གཞི་འགོད་པའི་མཛད་སྒོ་ཞི་ནེ་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3333.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་རྒྱལ་སྤྱིའི་རྒྱང་སྒྲོག་ཁང་རྒྱ་མཚོ་ཆེན་མོའི་གླིང་ས་ཁུལ་གྱི་སྤྱིའི་ས་ཚིགས་ཀྱི་དཔོན་པོ་ཕིན་ལེ་དང་གླིང་བསྐོར་ཁའེ་ཀི་རྒྱལ་སྤྱིའི་སྨྱན་བྱད་སྡེ་ཚོགས་ཀྱི་ཙུང་ཚེ་ཅང་ཀྲའོ་ཆིན་གཉིས་ཀྱིས་ལས་གཞི་འགོད་པའི་མཛད་སྒོའི་སྟེང་མིང་འགོད་བཞིན་པ།

ཟླ་ལྔ་བའི་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་སྨྱན་བྱད་ཀྱི་མཉམ་ལས་ལས་གཞི་འགོད་པའི་མཛད་སྒོ་ཞི་ནེའི་ཤམ་བྷ་ལའི་གསོལ་མགྲོན་ཁང་ནས་སྤེལ།

ཀྲུང་གོའི་རྒྱལ་སྤྱིའི་རྒྱང་སྒྲོག་ཁང་གིས་གླིང་བསྐོར་ཁའེ་ཀི་རྒྱལ་སྤྱིའི་སྨྱན་བྱད་སྡེ་ཚོགས་བར་མཉམ་ལས་གྲོས་མཐུན་བཀོད་དེ། ཀྲུང་གོའི་རྒྱལ་སྤྱིའི་རྒྱང་སྒྲོག་ཁང་གི་ཀྲུང་ཧྭ་དྲ་རྒྱའི་ཨོ་སི་ཁྲུ་ལི་ཡཱའི་པར་གཞིའི་འབྲེལ་ཡོད་ནང་དོན་ཐད་ནས་མཉམ་ལས་བྱས། ཕྱོགས་གཉིས་ཀྱི་གྲོས་མཐུན་ལྟར་ན། གླིང་བསྐོར་ཁའེ་ཀི་རྒྱལ་སྤྱིའི་སྨྱན་བྱད་སྡེ་ཚོགས་ཀྱིས་ཀྲུང་གོའི་རྒྱལ་སྤྱིའི་རྒྱང་སྒྲོག་ཁང་ལ་ཨོ་སི་ཁྲུ་ལི་ཡཱའི་ས་གནས་རང་གི་བརྡ་འཕྲིན་ཏེ། ཀྲུང་གོ་བའི་འཚོ་བ་དང་སྤྱི་ཚོགས་གསར་འགྱུར། དེ་མིན་ཨོ་སི་ཁྲུ་ལི་ཡཱ་ས་ཁུལ་གྱི་རོལ་རྩེད། ལུས་རྩལ། རིག་གནས། སྡོད་ཁུལ་སོགས་ཀྱི་བརྡ་འཕྲིན་འདོན་སྤྲོད་བྱེད་རྒྱུ་རེད། དེ་ལས་གཞན་ཕྱོགས་གཉིས་ཀྱིས་ད་རུང་སྨྱན་བྱད་གསར་བའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། སྒྲ་དང་བརྙན་རིས། རི་མོ་སོགས་རྣམ་པ་མི་འདྲ་བའི་ལེ་ཚན་བརྗེ་རེས་བྱེད་པར་ཤུགས་སྣོན་རྒྱུ་རེད།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།