ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁ་གླིང་གི་མཐོ་རིམ་གྲོས་ཚོགས་ནས་ཨ་ཧྥེ་རི་ཁ་གླིང་གི་གོ་སྐབས་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་ཉིན་གསུམ་ཡིན་པའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་སྐབས་ཉེར་དྲུག་པའི་ཨ་ཧྥེ་རི་ཁ་གླིང་གི་མཐོ་རིམ་གྲོས་ཚོགས་ཚེས་བཅུ་གསུམ་ཉིན་གྲོལ། གྲངས་ལྡན་ཅན་གྱི་རྣམ་པ་བསྒྱུར་བ་ལ་བརྟེན་ནས་ཨ་ཧྥེ་རི་ཁ་གླིང་གི་ཐོན་ཁུངས་དང་འབྲེལ་མཐུད་བྱེད་དགོས་ཞེས་པའི་བརྗོད་སྙིང་འོག གྲོས་ཚོགས་ལ་ཞུགས་པའི་ཆེད་མཁས་པ་དག་གིས་གྲངས་ལྡན་ཅན་གྱི་རྣམ་པ་བསྒྱུར་བ་དང་རྨང་གཞིའི་སྒྲིག་ཆས་ཀྱི་དངུལ་གཏོང་སོགས་གྲོས་གཞིར་གྲོས་བསྡུར་བྱས།

གྲོས་ཚོགས་ལ་ཞུགས་པའི་ཆེད་མཁས་པ་དག་གིས་བལྟས་ན། མིག་སྔར་ཨ་ཧྥེ་རི་ཁ་གླིང་གི་འཕེལ་རྒྱས་ཐད་ལག་རྩལ་ཤེས་ལྡན་མི་སྣ་ཉུང་བ་དང་། མ་དངུལ་དཀོན་པ། དངུལ་ལོར་འཛའ་ཐང་ཇེ་དམའ་རུ་སོང་བ་སོགས་བཀག་རྒྱ་རེ་འགའ་གནས་ཡོད་ཀྱང་། བཀག་རྒྱ་དེ་དག་གིས་ཨ་ཧྥེ་རི་ཁ་གླིང་གི་དངུལ་གཏོང་མཁན་གྱི་དུས་ཡུན་རིང་བོའི་འགུག་ཤུགས་ཇེ་གཉོམ་དུ་འགྲོ་མི་སྲིད་ཟེར།

མཐོ་རིམ་གྲོས་ཚོགས་ནས་བལྟས་ན། ཨ་ཧྥེ་རི་ཁ་གླིང་གི་གྲངས་ལྡན་ཅན་གྱི་རྣམ་པ་བསྒྱུར་བར་མིག་སྔར་རྨང་གཞིའི་སྒྲིག་ཆས་རྗེས་ལུས་ཡིན་པ་དང་གློག་ཤུགས་དཀོན་པ་སོགས་ཀྱི་དཀའ་ཁག་ལ་འཕྲད་ཡོད་ཀྱང་། མདུན་ལྗོངས་ཧ་ཅང་དགའ་འོས་པར་མ་ཟད་ཚོང་ར་རྒྱ་ཆེན་པོ་ཡོད་པར་འདོད།

ཐེངས་འདིའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཨ་ཧྥེ་རི་ཁ་གླིང་གི་མཐོ་རིམ་གྲོས་ཚོགས་དེ་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གསུམ་ཉིན་བར་སྤེལ་བ་དང་། རྒྱལ་ཁབ་བདུན་ཅུ་ལྷག་གི་དཔོན་རིགས་དང་ཆེད་མཁས། ཁེ་ལས་པ་སོགས་མི་སྟོང་གཅིག་དང་ལྔ་བརྒྱ་ལྷག་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་གྲོལ་བའི་མཛད་སྒོའི་སྟེང་། ཨ་ཧྥེ་རི་ཁ་ལྷོ་མ་དེ་ཉིས་སྟོང་བཅུ་བདུན་ལོའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཨ་ཧྥེ་རི་ཁ་གླིང་གི་མཐོ་རིམ་གྲོས་ཚོགས་སྤེལ་བའི་གཙོ་སྒྲུབ་རྒྱལ་ཁབ་ཏུ་གཏན་འཁེལ་བྱས།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།