ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁྲའོ་ཞན་གྱིས་དཀྲུག་འཕེན་བྱ་སྤྱོད་མཚམས་འཇོག་དགོས་པའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། ཁྲའོ་ཞན་གྱིས་ཡང་བསྐྱར་འཕུར་མདའ་གཏོང་འཕེན་བྱས་པར་ཀུན་གྱི་སེམས་བདེ་ལ་འབབ་ཐབས་མེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁྲའོ་ཞན་གྱིས་དཀྲུག་འཕེན་བྱ་སྤྱོད་མཚམས་བཞག་སྟེ་ཕྱོགས་ཡོངས་ནས་རྒྱལ་སྤྱིའི་འོས་འགན་བརྩི་སྲུང་བྱེད་དགོས་པའི་སྐུལ་མ་བཏང་།

ཏིས་ཡཱ་ལི་ཁི་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་གོང་གི་བསམ་ཚུལ་དེ་བསྟན་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་གནས་སྐབས་སུ་ཉིན་རིམ་བཅོས་ཏེ། ཁྲའོ་ཞན་གྱིས་འཕུར་མདའ་གཏོང་འཕེན་བྱས་པའི་གནད་དོན་ཐད་ནས་གསང་བའི་གྲོས་མོལ་བྱེད་རྒྱུ་ཐག་བཅད།

ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱིས་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར་ཡང་བསྐྱར་འབྲིང་འཕེན་འཕུར་མདའ་གཏོང་འཕེན་ཚོད་ལྟ་བྱས་ཀྱང་ལེགས་འགྲུབ་བྱུང་མེད་ཟེར།

ཟླ་གསུམ་པའི་ཚེས་གཉིས་ཉིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་གཉིས་གཉིས་བདུན་ཐིག་ལ་གྲོས་མཐུན་བཀོད་དེ། ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པ་དང་འཕུར་མདའི་འཆར་གཞིར་དམིགས་ཏེ་བཀག་སྡོམ་བྱེད་ཐབས་རབ་དང་རིམ་པ་སྤྱོད་རྒྱུ་ཡིན་པ་དང་། ཕྱོགས་དྲུག་གི་གྲོས་མོལ་སླར་གསོ་དང་ཞི་བའི་ཐབས་ལ་བརྟེན་ནས་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པ་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས་དོན། དེའི་རྗེས་སུ་ཁྲའོ་ཞན་གྱིས་ཐེངས་མང་བོར་ཁྲའོ་ཞན་ཕྱེད་གླིང་གི་བྱང་ཤར་ས་ཁུལ་དུ་འཕུར་མདའ་གཏོང་འཕེན་བྱེད་པའི་བྱ་འགུལ་སྤེལ་བ་རེད།།

རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།