ཀྲུང་གོ་བོད་ཀྱི་དྲ་བ།

ཨོ་སི་ཁྲུ་རི་ཡཱའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་གྱིས་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨོ་སི་ཁྲུ་རི་ཡཱ་ཡིས་ཚེས་ཉེར་བཞིའི་ཉིན་བསྡུས་པའི་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་འཕངས་པ་ལས་ཕྱེད་ཀ་བརྒལ་བའི་མི་གཅིག་ཀྱང་མེད་པས། འདེམ་ཤོག་ཐོབ་ཚད་མཐོ་བའི་གཡས་ཕྱོགས་སྲིད་ཏང་ཨོ་སི་ཁྲུ་རི་ཡཱའི་རང་དབང་ཏང་གི་འདེམ་སྒུག་མི་སྣ་ཧའོ་ཧྥེ་ཨར་དང་སྔོན་ཆད་ཀྱི་ལྗང་ཏང་གི་མགོ་ཁྲིད་པ་ཧྥན་ཏི་པེ་ལོན་གཉིས་ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་སྤེལ་རྒྱུ་ཡིན་པའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས་རྒྱུ་རེད། འབྲེལ་ཡོད་བཅའ་ཁྲིམས་ལ་གཞིགས་ན། གལ་ཏེ་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་སྐབས་སྐོར་ཐེངས་དང་པོའི་འདེམ་ཤོག་འཕེན་སྐབས་ཕྱེད་ཀ་བརྒལ་མཁན་མེད་ན། འདེམ་ཤོག་ཐོབ་པ་ཆེས་མང་བའི་འདེམ་སྒུག་མི་སྣ་གཉིས་ལ་ཡང་བསྐྱར་འདེམ་ཤོག་འཕངས་ནས་འདེམ་ཤོག་མང་བོ་ཐོབ་མཁན་དེ་བསྐོ་འཇོག་བྱེད་དགོས་པ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།