ཞིན་ཧྭ་གསརའ་གྱུར་ཁང་གི་གློག་འཕྲིན་ལྟར། ཨི་ཀྭ་ཏོར་རྒྱལ་ཁབ་ཉེན་ཁའི་དོ་དམ་དྲུང་ཡིག་ཁྲུའུ་ཡིས་ཚེས་ཉེར་བཞིའི་ཉིན་ཁྱབ་སྒྲོག་བྱས་དོན། རྒྱལ་ཁབ་དེའི་ནུབ་བྱང་ཕྱོགས་ཀྱི་མཚོ་འགྲམ་ས་ཁུལ་དུ་ཚེས་བཅུ་དྲུག་ཉིན་ཚད་རིམ་བདུན་དང་གྲངས་ཆུང་བརྒྱད་ཀྱི་ས་འགུལ་བྱུང་བ་ལས་མི་དྲུག་བརྒྱ་དང་ང་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་གཅིག་དང་སྟོང་དྲུག་ལྷག་ལ་རྨས་ཕོག གཞན་ཡང་མི་ཁྲི་གཉིས་ལྷག་ལ་འགྲོ་སའི་ཁྱིམ་མེད་པར་གྱུར། མིག་སྔར་མི་གྱ་བརྒྱད་གར་སོང་མ་རྙེད། ས་འགུལ་དེ་ལས་ད་རུང་ཁང་བ་སྟོང་དགུ་ལྷག་ལ་གཏོར་བརླག་ཐེབས་པ་དང་། གཞུང་ལམ་སྟོང་བརྒྱད་ཙམ་ལ་གཏོར་བརླག་ཐེབས། ཨི་ཀྭ་ཏོར་གྱི་ཙུང་ཐུང་ཁི་ལོས་ཡཱ་ཡིས་ཚེས་ཉེར་གསུམ་ཉིན་ཙུང་ཐུང་བཀའ་རྒྱ་བཀོད་དེ། རྒྱལ་ཡོངས་ནས་ས་འགུལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་རྣམས་ལ་དུས་ཡུན་ཉིན་བརྒྱད་ལ་མྱ་ངན་ཞུ་རྒྱུ་ཁྱབ་སྒྲོག་བྱས། །