ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱིས་ཡང་བསྐྱར་ཆུ་འོག་འཕུར་མདའ་བདེ་བླག་ངང་གཏོང་འཕེན་བྱས།

    སྤེལ་དུས། : 2016-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་ཉེར་བཞི་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱིས་ཉེ་སྔོན་ཡང་བསྐྱར་ཆུ་འོག་འཕུར་མདའ་བདེ་བླག་ངང་གཏོང་འཕེན་བྱས་ཟེར།

བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱིས་ཉེ་སྔོན་ཆུ་འོག་འཕུར་མདའི་གཏོང་འཕེན་ཚོད་ལྟར་མཛུབ་སྟོན་བྱས་ཟེར། ཡིན་ཡང་གཏོང་འཕེན་བྱས་པའི་དུས་ཚོད་དང་ས་གནས་གསལ་བོར་གླེང་མེད།

བསྒྲགས་པ་ལྟར་ན། ཨིན་ཀྲིན་ཨིན་གྱིས་སོ་ལྟ་ཁང་ནས་ཆུ་འོག་གཏོང་འཕེན་འཆར་གཞིར་ཉན་རྗེས། ཆུ་འོག་འཕུར་མདའི་གཏོང་འཕེན་གྱི་བཀའ་རྒྱ་བསྒྲགས། ཚོད་ལྟའི་དམིགས་ཡུལ་ནི་ཆུའི་གཏིང་རིམ་ནས་འཕུར་མདའ་གཏོང་འཕེན་མ་ལག་གི་གཏན་འཇགས་རང་བཞིན་དང་གསར་སྤེལ་བྱས་པའི་བྱེད་ནུས་མཐོ་བའི་སྲ་འགྱུར་འབར་རྫས་ཅན་གྱི་སྒུལ་འཁོར་དེས་འཕུར་མདའ་དཔྱངས་ཐད་དུ་འདེད་པའི་ཤུགས་རིག་པའི་ཁྱད་གཤིས། དུས་རིམ་རང་བཞིན་གྱི་ཚ་འདོན་པའི་གཏན་འཇགས་རང་བཞིན། ཉིང་རྡུལ་མདེལ་མགོའི་འགས་གཏོར་སྒྲིག་ཆས་ཀྱི་མྱུར་ཚད་དང་གནད་དུ་ཕོག་ཚད་བཅས་ལ་ཞིབ་བཤེར་བྱེད་པའི་ཆེད་དུ་རེད། བསྒྲགས་པ་ལྟར་ན། ཚོད་ལྟ་བྱས་པའི་མཇུག་འབྲས་ལ་གཞིགས་ན། ཆུ་འོག་གི་གཏོང་འཕེན་མ་ལག་ལ་གཏན་འཇགས་རང་བཞིན་བཟང་བོ་ལྡན་པ་དང་། དམིགས་ཚད་ཡོད་ཚད་ཀྱིས་ཆུ་འོག་ནས་དཔུང་འཇུག་བྱེད་པའི་འཐབ་འཁྲུག་གི་དགོས་མཁོ་བསྐང་ཐུབ་ཟེར།

ཅིན་ཀྲིན་ཨིན་ཚོད་ལྟའི་མཇུག་འབྲས་ལ་ཡིད་ཚིམས་ཡོད། ཁོས་བཤད་རྒྱུར། ཐེངས་འདིའི་ཚོད་ལྟ་ལེགས་འགྲུབ་བྱུང་བ་དེ་ལས་ཁྲའོ་ཞན་གྱིས་ཉིང་རྡུལ་ནུས་པའི་དཔུང་འཇུག་ཤུགས་ཚད་ཇེ་དྲག་ཏུ་སོང་བ་དང་། ཁྲའོ་ཞན་གྱི་མཚོ་དམག་གི་ཆུ་འོག་འཐབ་འཛིང་ནུས་པ་མངོན་གསལ་གྱིས་ཇེ་ལེགས་སུ་སོང་ཡོད་པའི་མཚོན་རྟགས་ཡིན་ལ། ཕྱིན་ཆད་ཁྲའོ་ཞན་གྱིས་དུས་ངེས་མེད་དུ་ཧན་གོ་དང་ཨ་མེ་རི་ཁར་ཆུ་འོག་ནས་དཔུང་འཇུག་བྱས་ཆོག་ཟེར།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།