ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་ཀྲུང་དབྱང་དངུལ་ཁང་གིས་མུ་མཐུད་དུ་དངུལ་ལོར་སྲིད་ཇུས་ཇེ་ལྷོད་དུ་གཏོང་རྒྱུ་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་ཀྲུང་དབྱང་དངུལ་ཁང་གིས་ཚེས་ཉེར་གཅིག་ཉིན་ཡོ་སྒོར་བཀོལ་བའི་ས་ཁུལ་གྱི་གནད་འགག་བུ་ལོན་མི་འགྱུར་བ་སྲུང་འཛིན་བྱས་ཏེ་མུ་མཐུད་དུ་དངུལ་ལོར་སྲིད་ཇུས་ཇེ་ལྷོད་དུ་གཏོང་རྒྱུ་ཐག་བཅད། ཡོ་རོབ་གླིང་ཀྲུང་དབྱང་དངུལ་ཁང་གི་མགོ་བ་ཏི་ལཱ་ཅི་ཡིས་བཤད་རྒྱུར། ཡོ་རོབ་གླིང་ཀྲུང་དབྱང་དངུལ་ཁང་གིས་ཟླ་གསུམ་པར་ལྷོད་ཡངས་ཀྱི་ཡར་སྐུལ་བྱེད་ཐབས་རབ་དང་རིམ་པ་བཏོན་པའི་ཚུན་ལ། ཡོ་སྒོར་བཀོལ་བའི་ས་ཁུལ་གྱི་དངུལ་རྩའི་ཆ་རྐྱེན་ལེགས་བཅོས་ཐོབ་ཡོད་ཀྱང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དང་རྒྱལ་མཚམས་ཀྱི་ཆབ་སྲིད་ཉེན་ཁའི་གཏན་འཇགས་མིན་པའི་རང་བཞིན་སྔར་བཞིན་གནས་ཡོད། འཕར་སྣོན་ཆུ་ཚད་ལ་འགན་སྲུང་བྱས་ཏེ་དུས་ལྟར་བརྒྱ་ཆའི་གཉིས་ཀྱི་སྲིད་ཇུས་དམིགས་འབེན་ལ་ཉེ་བར་བྱེད་ཆེད། ཡོ་རོབ་གླིང་དངུལ་ཁང་གིས་འོས་ཤིང་འཚམ་པའི་ལྷོད་ཡངས་ཀྱི་དངུལ་ལོར་སྲིད་ཇུས་རྒྱུན་འཁྱོངས་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།