ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧྲིག་ཁྲིན་གྱིས་ཨུ་ཡོན་འགའི་སྣེ་ཁྲིད་དེ་མཚོ་སྔོན་ཀྲུང་ལིས་གློག་འདོན་ལག་རྩལ་ཚད་ཡོད་ཀུང་ཟིའི་བྱ་བར་རྟོག་ཞིབ་བྱས་ཤིང་། ཨུ་ཡོན་རྣམས་ཐོན་སྐྱེད་བྱེད་སའི་ཡུལ་དངོས་ལ་སོང་ནས་ཐོན་རྫས་ལས་སྣོན་ལ་ཞིབ་ལྟ་དང་ཀུང་ཟིའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་ལ་ཉན་ནས། ཀུང་ཟིའི་ལས་གཞི་རྒྱ་བསྐྱེད་དང་གློག་འདོན་ཐོན་རྫས་ཁྲོམ་རའི་དགོས་མཁོ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། ཁེ་ལས་འབྲེལ་ཡོད་མི་སྣ་དང་མཉམ་དུ་བཞུགས་མོལ་ཚོགས་འདུ་བསྡུས་ནས་བསམ་བློ་བརྗེ་རེས་བྱས། ཀྲང་ཧྲིག་ཁྲིན་གྱིས་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་ནི། མཚོ་སྔོན་གྱིས་སྔར་ལས་ལྷག་པའི་སྒོ་ནས་ལྗང་མདོག་འཁོར་རྒྱུག་ཐོན་ལས་ཀྱི་མ་ལག་འཛུགས་སྒྲུབ་དང་། ཁྱད་ལྡན་གསར་དར་ཐོན་ལས་འཕེལ་རྒྱས་ལམ་ལུགས་དམ་པོར་བཟུང་ནས། ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བ། ལག་རྩལ་ཐོན་ལས་གསར་བ་བཅས་ཤུགས་ཆེན་པོའི་ངང་འཕེལ་རྒྱས་སུ་བཏང་ཡོད། མཚོ་སྔོན་ཀྲུང་ལིས་གློག་འདོན་ལག་རྩལ་ཚད་ཡོད་ཀུང་ཟི་ནི་རྒྱུ་ཆ་གསར་བ་དང་ལག་རྩལ་གསར་བའི་ཚབ་མཚོན་ཀུང་ཟི་ཞིག་ཡིན་པའི་ཆ་ནས། མཚོ་སྔོན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་བྱ་བར་སྣེ་འཁྲིད་རང་བཞིན་གྱི་བྱེད་ནུས་མི་དམན་པ་བཏོན་ཡོད་པས། དེར་ཁེ་ལས་འཕེལ་རྒྱས་ཀྱི་མདུན་ལྗོངས་ཡངས་པོ་ཡོད་ཟེར། ཀྲང་ཧྲིག་ཁྲིན་གྱིས་ནན་གྱིས་བསྟན་དོན། ཁེ་ལས་ལ་འཕེལ་རྒྱས་བཟང་བོ་ཞིག་བསྐྲུན་བསམ་ན། ཅིས་ཀྱང་འཁོར་རྒྱུག་དཔལ་འབྱོར་ཐོན་ལས་ཀྱི་རྒྱུན་སྟོབས་ལྡན་ཞིག་འཛུགས་དགོས་ལ། ཉེ་འཁོར་ཁེ་ལས་དང་ཕན་ཚུན་ཆད་པ་ཁ་གསབ་ཀྱི་འབྲེལ་བ་བཟང་བོ་ཞིག་ངང་ངམ་ཤུགས་ཀྱིས་གྲུབ་པར་བརྒྱུད། གཞི་ནས་ཐོན་ཁུངས་མཉམ་སྤྱོད་དང་ལག་རྩལ་གསར་སྐྲུན། ཁེ་ལས་ཀྱི་སྔོན་བགྲོད་གོ་གནས་རྒྱུན་འཁྱོངས་བཅས་བྱེད་རྒྱུ་ནི་གལ་ཆེན་ཡིན། དེ་མིན་ད་དུང་གོ་སྐབས་དམ་འཛིན་དང་ཁྲོམ་རའི་རང་བདག་དགོས་མཁོར་དོ་སྣང་བྱས་ཏེ། རྒྱུ་སྤུས་དང་ལག་རྩལ་གཉིས་ཐད་ནས་ཁྲོམ་རའི་འགྲན་རྩོད་ལས་རྒྱལ་བར་འབད་པ་དང་། དོ་དམ་ལ་སྔར་ལས་ཤུགས་སྣོན་དང་ལག་རྩལ་མི་སྣའི་གསོ་སྐྱོང་ལ་དོ་སྣང་། འགྲན་རྩོད་རྒོད་པའི་ཁྲོམ་རའི་སྟེང་ནས་ཀུང་ཟི་རྣམ་པར་རྒྱལ་ཐུབ་པར་སྟ་གོན་ཚགས་སུ་ཆུད་པ་བསྒྲུབ་ནས། འཁོར་རྒྱུག་དཔལ་འབྱོར་གྱི་མིང་གྲགས་ཚོང་རྟགས་ཆེན་པོ་ཞིག་གྲུབ་པར་འབད་དགོས་པ་བསྟན།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀའོ་ཧྲིན་ཁུང་གིས་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ནང་སྲིད་པུའུ་ཡི་པུའུ་ཀྲང་ཐུའུ་ཨར་ཀན་པ་ཡེ་ཧྥུའུ་དང་གྲོས་མོལ་བྱས།

རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།