ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་། ཀྲུང་གུང་ཀྲུང་དབྱང་ཚད་ལྡན་ཡིག་ཆའི་ཞིབ་འཇུག་ཁང་གཉིས་ཀྱིས་རྩོམ་སྒྲིག་བྱས་པའི«ཞི་ཅིན་ཕེན་གྱིས་གནངས་བའི་ཏང་གི་སྒྲིག་ཁྲིམས་དང་སྒྲིག་སྲོལ་དམ་པོའི་སྐོར་གྱི་རྒྱས་བཤད་གལ་ཆེན་གྱི་གཅིག་བསྡུས་དཔེ་དེབ»དེ། ཉེ་ལམ་ཀྲུང་དབྱང་ཚད་ལྡན་ཡིག་ཆའི་དཔེ་སྐྲུན་ཁང་དང་། ཀྲུང་གོ་ཧྥེང་ཀྲིན་དཔེ་སྐྲུན་ཁང་གཉིས་ཀྱིས་པར་དུ་སྐྲུན་ནས་རྒྱལ་ཡོངས་སུ་བཀྲམས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་མཐོང་ཆེན་ཚད་མཐོན་པོ་གནང་ཞིང་། ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་དང་ཚད་མཐོན་པོ་དང་ཏང་གི་སྒྲིག་ཁྲིམས་དང་སྒྲིག་སྲོལ་ནན་མོར་དམ་པོར་དམིགས་དགོས་པའི་ཐད་ནས། རྒྱས་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་བ་དང་། ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ལ་བསམ་བློའི་མཛུབ་སྟོན་དང་བྱ་སྤྱོད་ཀྱི་ཁ་ཕྱོགས་གསལ་བོར་བསྟན། ནན་ཏན་སྒོས་རྒྱས་བཤད་གལ་ཆེན་འདི་དག་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེས། ཏང་ཡོངས་ཀྱིས་ཏང་གི་མགོ་ཁྲིད་ལ་རྒྱུན་འཁྱོངས་བྱེད་པའི་འདུ་ཤེས་ཟབ་མོ་ཆགས་པར་བྱེད་པ་དང་། ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་གལ་ཆེན་རང་བཞིན། སྒྲིག་ཁྲིམས་འཛུགས་སྐྲུན་བྱེད་པའི་གཞི་རྩའི་རེ་བ་ཡང་དག་པོའི་ངང་ཁོང་དུ་ཆུད་པར་བྱེད་པ། གསར་དུ་བཟོ་བཅོས་བྱས་པའི་སྤྱོད་གཙང་རང་གཅུན་ཚད་གཞི་དང་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། བློ་བརྟན་འགྱུར་མེད་དང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་དང་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན། ཉེ་ལམ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་དང་ཀྲུང་དབྱང་དྲིལ་སྒྲོག་པུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས་བརྡ་ཐོ་བཏང་སྟེ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ནན་ཏན་སྒོས་རྩ་འཛུགས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གནངས་བའི་ཏང་གི་སྒྲིག་ཁྲིམས་དང་སྒྲིག་སྲོལ་དམ་པོའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་བྱེད་དགོས་པ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་ཁུར་གལ་ཆེན་ཕྲག་ཏུ་ཁུར་ནས། ཚད་གཞི་མཐོན་པོར་རྒྱུན་འཁྱོངས་བྱེད་པ་དང་། ཚད་མཐའ་སྲུང་འཛིན་བྱེད་པ། སྒྲིག་ཁྲིམས་བརྩི་སྲུང་དང་། གཟབ་ནན་བྱེད་པ་དང་། ལག་བསྟར་ནན་མོ་བཅས་བྱས་ནས། “ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བར་སྒྲིག་ཁྲིམས་དམ་པོ་ཞིག་འདོན་སྤྲོད་བྱེད་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན། ཚེས་གཅིག་ཉིན་ནས་བཟུང་སྟེ། «ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་གཅུན་གྱི་ཚད་གཞི»དང་«ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག»དེ་དངོས་སུ་ལག་བསྟར་བྱེད་མགོ་བརྩམས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀའོ་ཧྲིན་ཁུང་གིས་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ནང་སྲིད་པུའུ་ཡི་པུའུ་ཀྲང་ཐུའུ་ཨར་ཀན་པ་ཡེ་ཧྥུའུ་དང་གྲོས་མོལ་བྱས།

རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།