ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཆོག་མཆན་བཀོད་དེ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཉེ་ལམ«རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་བྱ་བ་གཏིང་ཟབ་དུ་སྤེལ་བའི་སྐོར་གྱི་བསམ་འཆར»པར་དུ་སྐྲུན་ནས་བཀྲམས། «བསམ་འཆར»ལས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་དང་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པ་དང་། དམག་དཔུང་གསར་བརྗེ་ཅན་དང་། དེང་རབས་ཅན། ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་གཅིག་གྱུར་འཆར་གཞི་འཐེན་པ། དམག་དོན་སྟོབས་ཤུགས་འཛུགས་སྐྲུན་དང་བཀོལ་སྤྱོད་བྱེད་པར་གཅིག་གྱུར་འཆར་གཞི་འཐེན་པ། དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་བྱེད་པར་གཅིག་གྱུར་འཆར་གཞི་འཐེན་པ། གནས་བབ་གསར་བའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་གཏན་འབེབ་བྱེད་པའི་བྱེད་ཕྱོགས་རྩ་དོན་གལ་ཆེན་རབ་དང་རིམ་པ་བཏོན་པ་མ་ཟད། ཇུས་ཆོད་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བཏོན། ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་དང་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་བཏོན་པའི་འཐབ་ཇུས་འཆར་གཞི་དང་འཐབ་ཇུས་ཇུས་འགོད་གལ་ཆེན་ལག་བསྟར་དངོས་འབེབས་བྱེད་དགོས་ན། ངེས་པར་དུ་རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་བྱེད་པའི་བྱ་བ་གཏིང་ཟབ་དུ་སྤེལ་དགོས་པ་དང་། བཅོས་སྒྱུར་བྱས་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ལྡན་ཅན་གྱི་ལམ་དུ་བསྐྱོད་དགོས་ཟེར། «བསམ་འཆར»ལས་བསྟན་དོན། རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་བྱ་བ་གཏིང་ཟབ་དུ་སྤེལ་བ་ནི་ཁྱོན་ཡོངས་རང་བཞིན་དང་། གསར་བརྗེ་རང་བཞིན་གྱི་འགྱུར་ལྡོག་ཅིག་ཡིན་པས། ངེས་པར་དུ་ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་དང་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་གཅིག་གྱུར་མགོ་ཁྲིད་འོག ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་བཅོས་སྒྱུར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ནས། སློབ་གསོར་ཤུགས་སྣོན་པ་དང་། གཅིག་གྱུར་བསམ་བློ་གཉིས་ནམ་ཡིན་ཡང་རྒྱུན་འཁྱོངས་བྱེད་པ། འགན་ཁུར་ཇེ་དྲག་ཏུ་གཏོང་བ་དང་། བཅའ་ཁྲིམས་ལྟར་སྐུལ་འདེད་བཏང་ནས། སྟོབས་དང་ལྡན་པའི་རྩ་འཛུགས་མགོ་ཁྲིད་ཀྱིས་བཅོས་སྒྱུར་གྱི་ལས་འགན་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་རྒྱུ་དེ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀའོ་ཧྲིན་ཁུང་གིས་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ནང་སྲིད་པུའུ་ཡི་པུའུ་ཀྲང་ཐུའུ་ཨར་ཀན་པ་ཡེ་ཧྥུའུ་དང་གྲོས་མོལ་བྱས།

རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།