ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་30ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་2015ལོའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གསན་པ་དང་། 2016ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ། 《ཕྱོགས་ཡོངས་ནས་བྱང་ཤར་ས་ཁུལ་སོགས་བཟོ་ལས་རྟེན་གཞི་རྙིང་པ་དར་རྒྱས་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》ལ་གྲོས་ཞིབ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་རྒྱུ་ནི“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་འགན་ལེན་གལ་ཆེན་ཞིག་རེད། 2015ལོར་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་རྒྱུ་མཐའ་འཁྱོངས་དང་བློ་བརྟན་འགྱུར་མེད་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་མཐའ་འཁྱོངས་ཀྱིས་ཀྲོའུ་ཡུང་ཁང་དང་ལིང་ཅི་ཧྭ་སོགས་ཀྱི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་གྱོད་གཞི་ཐག་གཅོད་ནན་པོ་བྱེད་པ་དང་། མི་མངོན་པའི་རྐྱེན་ངན་མཐའ་གཅིག་ཏུ་སེལ་བ། ཕུགས་སྐྱོན་མེད་པ་བཟོ་བ་བཅས་བྱས་པས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ཐད་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ནས་ཏང་སེམས་དང་དམངས་སེམས་གཅིག་ཏུ་སྒྲིལ་ཐུབ་པ་དང་མི་དམངས་མང་ཚོགས་ཚོས་ཏང་ལ་ཡིད་ཆེས་དང་ཡིད་རྟོན་བྱ་ཤུགས་ཆེ་རུ་ཕྱིན་ཡོད། ཀྲུང་དབྱང་སྒྲིག་ཨུད་དང་རིམ་ཁག་སྒྲིག་བཤེར་ལས་ཁུངས་ཀྱིས་ལྟེ་བའི་ལས་འགན་ལ་དམིགས་ནས་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་བྱ་ཤུགས་ཆེ་རུ་བཏང་སྟེ་ཁྲིམས་ལས་སྒྲིག་ཁྲིམས་ནན་པ་དང་ཁྲིམས་ཀྱི་སྔོན་ལ་སྒྲིག་ཁྲིམས་བསྲུང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། སྒྲིག་བཤེར་སྒྲིག་གཞི་སྒྱུར་བཅོས་ཇེ་ཟབ་ཏུ་གཏོང་བ། སྐོར་གཟིགས་ལ་སྐུལ་འདེད་དང་མངགས་གཏོང་ལྟ་སྐུལ་ཕྱོགས་ཡོངས་ལ་ཁྱབ་པ་བཅས་ཀྱི་ཐོག་ནས་རུལ་སུངས་ཀྱི་སྣང་ཚུལ་མཆེད་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱས་ཡོད་པ་རེད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཕྱོགས་ཡོངས་ནས་ཏང་ནན་པོ་བསྐྱངས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་སྤེལ་རྒྱུ་དེ་ནི་དུས་བབ་གསར་པའི་འོག་རང་རེའི་ཏང་གིས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་ཀྱི་ཕྱོགས་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་ལངས་ཕྱོགས་དང་ཁ་ཕྱོགས་བརྟན་དུ་གཏོང་བ་དང་། ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་ནས་འཐབ་རྩོད་དེར་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བ། “ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་གི་སྒྲིག་ཡིག་རྩ་བའི་བརྩི་སྲུང་ཞུ་ཡུལ་དུ་བརྩི་བ་དང་ཏང་གི་སྒྲིག་ཁྲིམས་གཞི་རྩའི་ཚད་གཞིར་བརྩི་བ། སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཏང་ནང་ཁུལ་གྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བ། ཆབ་སྲིད་ཀྱི་ངེས་ཤུགས་བརྟན་དུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་ཤུགས་ཆེར་གཏོང་བ། རྩ་ལག་མཉམ་བཅོས་བྱེད་ཟབ་ཏུ་གཏོང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་སྲིང་ལྷོད་མེད་ཀྱིས་དོན་འཁྱོལ་བྱེད་པ། རུལ་སུངས་ཀྱི་སྣང་ཚུལ་མཆེད་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱེད་པ། སྲ་ཤིང་བརྟན་པའི་བློ་སྟོབས་དང་ཆོད་སེམས་ལ་བརྟེན་པ་བཅས་ཀྱི་ཐོག་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་གཏིང་ཟབ་ཕྱོགས་སུ་སྤེལ་དགོས།

ཚོགས་འདུའི་ཐོག་བསྟན་དོན། ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བའི་འགན་འཁྲི་གཙོ་བོ་ནན་པོ་ཁུར་ནས་འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་བཏང་སྟེ་འགན་འཛོལ་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་དེ་རྒྱུན་རྣམ་ཅན་དུ་འགྱུར་བ་བྱེད་དགོས། ཏང་གི་ཡུན་རིང་སྲིད་འཛིན་གྱི་ཆབ་སྲིད་ཆ་རྐྱེན་འོག་རང་ངོས་ལྟ་སྐུལ་བྱེད་པའི་ནུས་ལྡན་བྱ་ཐབས་འཚོལ་ཞིབ་བྱས་ནས་ཏང་ནང་ཁུལ་གྱི་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་གྱིས་ཏང་ཡོན་ལ་སྒྲིག་ཁྲིམས་ཀྱི་ཚོད་འཛིན་ནན་པོ་ཕོག་པ་དང་ཏང་གི་འགོ་ཁྲིད་ལས་བྱེད་པ་གོ་གནས་ཇི་ཙམ་གྱིས་མཐོ་བར་རེ་བ་དེ་ཙམ་གྱིས་ནན་པོ་བཅོལ་ནས་རྒྱུན་སྲིང་ལྷོད་མེད་དང་དམ་འཛིན་མཐར་ཕྱིན་གྱིས“སྤྱོད་ཚུལ་བཞིའི”གནས་ཚུལ་སླར་ཡང་མི་ཐོན་པ་བྱེད་དགོས། ཤུགས་ཚད་མི་ཆག་པ་དང་མྱུར་ཚད་མི་འགྱུར་བ་བྱས་ནས་རྒྱུན་མཐུད་ངང་ཟིལ་གྱིས་གནོན་པའི་རྣམ་པ་ཞིག་ཆགས་པ་བྱས་ཐོག རུལ་སུངས་ཀྱི་སྣང་ཚུལ་མཆེད་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། སྐབས་བརྗེའི་ལས་དོན་ཁྲོད་མི་སྣ་འདེམས་སྤྱོད་ཀྱི་འགག་སྒོ་ནན་པོ་བསྲུངས་ནས་ནད་གཞི་ཡོད་བཞིན་དུ་གོ་གནས་སྤོར་བ་དང་ལས་གནས་ཐོག་བསྐྱོད་རྒྱུ་བཀག་འགོག་ནན་པོ་བྱེད་དགོས། ཚད་གཞི་དེ་བས་མཐོ་བ་དང་སྒྲིག་ཁྲིམས་དེ་བས་ནན་པའི་ཐོག་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་སྒྲིག་བཤེར་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས།

ཚོགས་འདུའི་ཐོག་2016ལོའི་ཟླ་1ཚེས་12ཉིན་ནས་ཚེས་14ཉིན་བར་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་ཐེངས་དྲུག་པ་འཚོག་རྒྱུའི་མོས་མཐུན་བྱས་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀའོ་ཧྲིན་ཁུང་གིས་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ནང་སྲིད་པུའུ་ཡི་པུའུ་ཀྲང་ཐུའུ་ཨར་ཀན་པ་ཡེ་ཧྥུའུ་དང་གྲོས་མོལ་བྱས།

རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།