ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཀྲུང་གོ་རྒྱལ་སྤྱིའི་རྒྱང་སྒྲོག་ལས་ཁུངས་དང་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་དབྱང་བརྙན་འཕྲིན་ཁང་བཅས་བརྒྱུད་དེ་ཉིས་སྟོང་བཅུ་དྲུག་ལོའི་གནམ་ལོ་གསར་ཚེས་ལ་རྟེན་འབྲེལ་ཞུ་བའི་ཤིས་ཚིག་ཕུལ། རྟེན་འབྲེལ་ཞུ་བའི་ཤིས་ཚིག་ནང་གསུངས་རྒྱུར། ང་ཚོས་མི་འགྱངས་པར་ཉིས་སྟོང་བཅོ་ལྔ་ལོ་ཕར་སྐྱེལ་ཞིང་ཉིས་སྟོང་བཅུ་དྲུག་ལོ་ཚུར་བསུ་བའི་སྐབས་འདིར། བདག་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཐེ་ཝན་གྱི་སྤུན་ཟླ། ཕྱི་སྡོད་རང་མི། འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་ས་གནས་སོ་སོའི་གྲོགས་པོ་བཅས་ལ་གནམ་ལོ་གསར་ཚེས་ཀྱི་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན་ཟེར། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཉིས་སྟོང་བཅོ་ལྔ་ལོར་ཀྲུང་གོ་མི་དམངས་ཀྱིས་འབད་བརྩོན་ལྷོད་མེད་བྱས་ནས་གྲུབ་འབྲས་ཆེན་པོ་བླངས། རང་རྒྱལ་གྱི་དཔལ་འབྱོར་འཕར་ཚད་དེ་མུ་མཐུད་ནས་འཛམ་གླིང་ཡོངས་ཀྱི་མདུན་གྲས་སུ་བསླེབས་པ་དང་། བཅོས་སྒྱུར་ཟབ་སྤེལ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཤིང་ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་མུ་མཐུད་ནས་གཏིང་ཟབ་ཏུ་སྤེལ་བ་དང་། གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་ཆེད་དོན་སློབ་གསོས་ཆབ་སྲིད་སྐྱེ་ཁམས་ལེགས་བཅོས་ལ་སྐུལ་འདེད་བཏང་ཞིང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ལོ་ལྔའི་འཆར་གཞི་བཅུ་གཉིས་པ་བདེ་བླག་ངང་མཇུག་བསྡུས་པ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ལ་སྔར་ལས་མང་པོའི་ཕན་འབྲས་ཐོབ། ཉིས་སྟོང་བཅུ་དྲུག་ལོ་ནི་རང་རྒྱལ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐག་གཅོད་རང་བཞིན་གྱི་དུས་སྐབས་སུ་སླེབ་པའི་ལོ་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་མ་འོངས་པའི་ལོ་ལྔའི་རང་རྒྱལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཏན་ལ་ཕབ། ང་ཚོས་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་མུ་མཐུད་ནས་འབད་བརྩོན་ལྷོད་མེད་བྱེད་དགོས་ལ། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལག་བསྟར་བྱས་ཏེ། གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་འདྲ་མཉམ་དྲང་བདེན་ཡོང་བར་ཡར་སྐུལ་བྱེད་པ། ཆབ་སྲིད་ཁོར་ཡུག་ལེགས་པོ་ཞིག་སྐྲུན་པར་སྐུལ་འདེད་བཏང་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐག་གཅོད་རང་བཞིན་གྱི་དུས་སྐབས་དེ་མགོ་བཟང་བོ་ཞིག་ཚུགས་དགོས་ཟེར། ཞི་ཅིན་ཕེན་གྱིས་མཇུག་མཐར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ་ཞི་བདེ་བརྩོན་ལེན་བྱེད་པ་དང་མཉམ་ལས་བཟང་བོ་བྱེད་དགོས་པར་མ་ཟད། རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པའི་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་དགོས་པའི་ཐུགས་རེ་བཏོན།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀའོ་ཧྲིན་ཁུང་གིས་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ནང་སྲིད་པུའུ་ཡི་པུའུ་ཀྲང་ཐུའུ་ཨར་ཀན་པ་ཡེ་ཧྥུའུ་དང་གྲོས་མོལ་བྱས།

རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།