མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཀྲང་ཅན་མེན་གྱིས་ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི” རྩ་གནད་དང་འཆར་ཟིན་ཐད་ནས་ཞིང་ཆེན་སྲིད་གཞུང་གི་ཚན་ཧྲི་དང་། འབྲེལ་ཡོད་ཆེད་མཁས་པ། ཁེ་ལས་ཀྱི་འགན་ཁུར་བ་དང་མཉམ་དུ་གྲོས་གཞི་བཏོན་ནས་བསམ་འཆར་བསྡུ་ལེན་བྱས། བཞུགས་མོལ་ཚོགས་འདུའི་སྟེང་། ཚང་མས“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རྩ་གནད་ལ་དྲན་ཚུལ་བརྗོད་པ་དང་། བློ་འདོན་ཇུས་འབུལ་བྱས་ནས། བྱ་བ་དང་ཟུང་དུ་སྦྲེལ་ཏེ། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་ཀྱི་རང་ཞིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། ལས་སྐྲུན་རྣམ་པ་གསར་སྐྲུན། གྲུབ་ཚུལ་ལེགས་སྒྲིག་དང་ཚུལ་བསྒྱུར་རིམ་སྤོར། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས། དམངས་འཚོས་འགན་སྲུང་དང་ལེགས་བཅོས། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་སོགས་ཐད་ལ་བསམ་འཆར་བསྡུ་ལེན་དང་གྲོས་གཞི་འགའ་བཏོན། ཚང་མས་གཅིག་མཐུན་གྱིས་བལྟས་ན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རྩ་གནད་ལས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”གྲོས་གཞི་གཏན་འབེབས་བྱས་པའི་སྐོར་གྱི་དགོངས་དོན་ལག་བསྟར་བྱེད་པ་དེས། ཞིང་ཆེན་གྱི་དོན་དངོས་དང་མཐུན་པ་རེད། ཀྲང་ཅན་མེན་གྱིས་ནན་ཏན་སྒོས་གཏམ་བཤད་ལ་ཉན་རྗེས་ཚང་མ་དང་མཉམ་དུ་བསམ་ཚུལ་བརྗེ་རེས་བྱས། ཁོས་བཤད་རྒྱུར། ཚང་མས་བཏོན་པའི་བསམ་འཆར་ལྟར“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”བྱ་བ་བཀོད་སྒྲིག་བཟང་བོ་བྱས་ནས། ཀྲུང་དབྱང་གི་ཇུས་གཞི་དང་བྱེད་ཕྱོགས་གལ་ཆེན་དེ་མཚོ་སྔོན་གྱི་མ་འོངས་བའི་ལོ་ལྔའི་རིང་གི་འཕེལ་རྒྱས་ཁྲོད་དུ་གཅིག་གྱུར་བྱེད་དགོས་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་འཇགས་དང་སྐྱོན་བྲལ་བའི་ངང་འཕེལ་རྒྱས་སུ་གཏོང་བ། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱིོ་ཚོགས་ཀྱི་དམིགས་འབེན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་པ་དང་ཁག་ཐེག་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀའོ་ཧྲིན་ཁུང་གིས་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ནང་སྲིད་པུའུ་ཡི་པུའུ་ཀྲང་ཐུའུ་ཨར་ཀན་པ་ཡེ་ཧྥུའུ་དང་གྲོས་མོལ་བྱས།

རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།