ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་རྣམ་གཉིས་ཀྱིས་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་ཕན་ཚུན་ལ་ལོ་གསར་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་། ཞི་ཅིན་ཕེན་གྱིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་དུ་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་མཛད་དེ་ཙུང་ཐུང་ཕུའུ་ཅིན་དང་ཨུ་རུ་སི་མི་དམངས་ལ་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཉིས་སྟོང་བཅོ་ལྔ་ལོར་ཀྲུང་གོ་དང་ཨུ་རུ་སིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བ་དེ་ཆུ་ཚད་མཐོ་བའི་ཕྱོགས་སུ་སྲུང་འཛིན་བྱས། ཕྱོགས་གཉིས་ཀྱིས་མཉམ་དུ་འཛམ་གླིང་འཁྲུག་ཆེན་གཉིས་བར་རྒྱལ་ཁ་ཐོབ་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བ་དང་དྲན་གསོ་ཞུ་བའི་བྱ་འགུལ་སྤེལ་བ་དང་། དར་གོས་ཚོང་ལམ་གྱི་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་དང་ཡོ་རོབ་གླིང་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་འཛུགས་སྐྲུན་གྱི་འབྲེལ་མཐུད་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་རྒྱལ་ཁབ་གཉིས་ཀྱི་མི་གཞུང་བརྗེ་རེས་དང་ལྷག་པར་དུ་ན་གཞོན་བརྗེ་རེས་རྒྱ་སྐྱེད་པ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་དུ་རོགས་ལས་དམ་པོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མངའ་ཁོངས་སོ་སོའི་མཉམ་ལས་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་བཏང་། ཕྱོགས་གཉིས་ཀྱིས་ལོ་གསར་བའི་ནང་དུ་མུ་མཐུད་ནས་འབད་བརྩོན་བྱེད་པ་དང་། ཀྲུང་གོ་དང་ཨུ་རུ་སི་བར་དུ་མི་རབས་ནས་མི་རབས་བར་མཛའ་མཐུན་ཡིན་པའི་ཞི་བདེ་འདུ་ཤེས་དར་སྤེལ་བྱས་ཏེ། ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཕྱོགས་གཉིས་ཀྱི་ཆུ་ཚད་མཐོ་བའི་ཆབ་སྲིད་འབྲེལ་བའི་ཁྱད་སྟོབས་དེ་སྔར་ལས་མང་པོའི་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་གྲུབ་འབྲས་སུ་བསྒྱུར་དགོས་པར་མ་ཟད་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་ཟེར། ཕུའུ་ཅིན་གྱིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་དུ་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཀྲུང་གོ་མི་དམངས་ཡོངས་ལ་ལོ་སར་གྱི་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། ཉིས་སྟོང་བཅོ་ལྔ་ལོར་ཨུ་རུ་སི་དང་ཀྲུང་གོའི་མཐོ་རིམ་མགོ་ཁྲིད་པས་ཐུག་འཕྲད་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བ་རྒྱ་བསྐྱེད་པར་སྒུལ་ཤུགས་ཆེན་པོ་བསྣན་པ་དང་། མཉམ་དུ་འཛམ་གླིང་འཁྲུག་ཆེན་གཉིས་པར་རྒྱལ་ཁ་ཐོབ་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས་ནས་ཨུ་རུ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་སྲོལ་རྒྱུན་མཛའ་བཤེས་ཇེ་ཟབ་ཏུ་བཏང་། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་འབྲེལ་འདྲིས་དམ་པོ་བྱེད་པ་དང་མཉམ་ལས་བཟང་བོ་བྱས་ནས་ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀའོ་ཧྲིན་ཁུང་གིས་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ནང་སྲིད་པུའུ་ཡི་པུའུ་ཀྲང་ཐུའུ་ཨར་ཀན་པ་ཡེ་ཧྥུའུ་དང་གྲོས་མོལ་བྱས།

རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།