ལིས་ཁི་ཆང་གིས་ཡང་བསྐྱར་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་རྩ་གནད་སྒྲིག་བཟོ་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་བྱས་ནས་གྲོས་ཚོགས་བསྡུས་ཏེ། ཡང་བསྐྱར་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་རྩ་གནད་སྒྲིག་བཟོ་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པར་མ་ཟད་གསུངས་བཤད་གལ་ཆེན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀོ་ལིས་གྲོས་ཚོགས་ལ་ཞུགས། ཚོགས་ཐོག་ཏུ། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་སྙན་ཞུ་ཕུལ། ལིས་ཁི་ཆང་གིས་གསུངས་རྒྱུར། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་འོས་འཚམ་སྒོས་ཁ་གཏད་འཇལ་བ་དང་། དཔལ་འབྱོར་གཏན་འཇགས་ཁྲོད་ནས་འཕེལ་རྒྱས་སུ་གཏོང་བར་རྒྱུན་འཁྱོངས་བྱེད་པ། དཀའ་ཁག་དང་ཉེན་ཁ་འགྲན་རྩོད་སྣ་ཚོགས་ལས་རྣམ་པར་རྒྱལ་བར་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་བཅས་ཀྱི་ལས་འགན་ཧ་ཅང་ལྕི་བས། ངེས་པར་དུ་འབད་བརྩོན་ལྷོད་མེད་བྱེད་དགོས། འཆར་འགོད་སྒྲིག་བཟོ་བྱེད་སྐབས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་གྲོས་གཞིའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྔར་གྱི་གྲུབ་འབྲས་ཀྱི་རྨང་གཞིའི་སྟེང་། འཕེལ་རྒྱས་ཀྱི་གནས་ཚད་གཏན་ཁེལ་འོས་འཚམ་བྱེད་པ་དང་། སྤྱོད་གོ་ཆོད་པའི་བྱེད་ཐབས་གཏན་ཁེལ་ཡང་དག་བྱེད་པ་བརྒྱུད་དེ། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་ཀྱི་འཕེལ་རྒྱས་འདུ་ཤེས་གསར་བ་འབུར་དུ་ཐོན་པར་བྱེད་པ་དང་། གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གྱི་ཐབས་ལམ་དང་བྱེད་ཐབས་འབུར་དུ་ཐོན་པར་བྱེད་པ། བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་དམངས་ཡོངས་སྔར་ལས་བདེ་སྐྱིད་ལྡན་པར་བྱེད་པ་འབུར་དུ་ཐོན་པར་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་ནས་ཆུ་ཚད་མཐོ་བའི་ཕྱོགས་སུ་འཕེལ་བར་རྨང་གཞི་བརྟན་པོ་འདིངས་དགོས་ཟེར། ལིས་ཁི་ཆང་གིས་ལེགས་ཐོག་ལེགས་འཚོལ་སྒོས་འཆར་འགོད་རྩ་གནད་འཐུས་ཚང་དུ་གཏོང་བར་དམ་འཛིན་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་བསྡུར་བྱས་ནས་གྲོས་འཚམ་བྱུང་རྗེས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་གྲོས་ཞིབ་བྱེད་པར་འབུལ་སྤྲོད་བྱས་ནས། མཐའ་མར་ཐུན་མོང་གི་ལྟ་བ་གོང་བུར་བསྒྲིལ་བ་དང་མིའི་བརྩོན་སེམས་བསྐྱེད་པ། འཕེལ་རྒྱས་ལ་རོགས་འདེགས་བྱེད་པའི་འགུལ་སྐྱོད་ཕྱོགས་སྟོན་གྲུབ་པར་བྱེད་དགོས་བའི་རེ་བ་བཏོན། ལིག་ཡན་ཏུང་དང་ཝང་ཡང་། མཱ་ཁེ། ཡཱང་ཅིན། ཡཱང་ཅེ་ཁྲི། ཀོ་ཧྲིན་ཁུང་། ཝང་ཡོང་བཅས་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀའོ་ཧྲིན་ཁུང་གིས་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ནང་སྲིད་པུའུ་ཡི་པུའུ་ཀྲང་ཐུའུ་ཨར་ཀན་པ་ཡེ་ཧྥུའུ་དང་གྲོས་མོལ་བྱས།

རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།