རྒྱལ་ཡོངས་སྲིད་གྲོས་ཀྱིས་ལོ་སར་གྱི་ཇ་སྟོན་ཚོགས་འདུ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་གྱི་སྔ་དྲོར་རྒྱལ་ཡོངས་སྲིད་གྲོས་ཚོམས་ཁང་ནས་ལོ་སར་གྱི་ཇ་སྟོན་ཚོགས་འདུ་བསྡུས། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆིས་ཧྲན། ཀྲང་ཀོ་ལིས་སོགས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་གྱི་འགན་ཁུར་མི་སྣ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་ཚབ་པ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་མི་སྣ། རྒྱལ་སའི་རིགས་སོ་སོ་དང་ལས་རིགས་སོ་སོའི་འཐུས་མི་བཅས་དང་མཉམ་དུ་འཛོམས་ནས་2016ལོའི་ལོ་སར་བསུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཇ་སྟོན་ཚོགས་འདུའི་སྟེང་གསུངས་བཤད་གལ་ཆེན་གནང་། ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་གནད་འགག་དུས་རིམ་གྱི་ལོ་རྒྱུས་ཀྱི་སྒོ་རེས་ཡུན་གྱིས་ཕྱེས་ཟིན་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་མཇུག་མཐའི་མཆོངས་རྒྱུག་གི་ལས་འགན་ང་ཚོའི་ཕྲག་ཏུ་བབ་ཡོད། མཇུག་མཐའི་མཆོངས་རྒྱུག་ནི་སྟོབས་ཤུགས་གཅིག་བསྒྲིལ་དང་སྙིང་སྟོབས་ཆེར་བསྐྱེད། བློ་རྩ་བརྟན་པོ་བྱེད་པའི་དུས་སྐབས་ཡིན། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱུད་རིམ་ཁྲོད། ཀྲུང་གོའི་མི་ཚང་མར་རང་རང་གི་འགན་འཁྲི་ཡོད་པས། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་དམ་པོ་བྱེད་པ་དང་། རྣམ་པར་རྒྱལ་བའི་ཡིད་ཆེས་ཀྱི་སེམས་པ་བཅངས་ནས་འབད་བརྩོན་ལྷོད་མེད་སྒོས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རླབས་ཆེན་གྱི་དམིགས་འབེན་མངོན་འགྱུར་བྱེད་དགོས་ཟེར། ཞི་ཅིན་ཕེན་གྱིས་བསྟན་དོན། 2015ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན་པ་དང་། ཀྲུང་གུང་ཀྲུང་དབྱང་གི་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས། རྒྱལ་ཁབ་ཕྱི་ནང་གི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱས་པ་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྤེལ་ལ། དཔལ་འབྱོར་འཕར་སྣོན་ཐད་ནས་མུ་མཐུད་དེ་འཛམ་གླིང་གི་མདུན་གྲས་སུ་གནས་ཡོད་པ་དང་། དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ཏང་གི་འཛུགས་སྐྲུན་བཅས་ལ་སྐུལ་འདེད་བྱེད་པའི་ཐད་ནས་གྲུབ་འབྲས་མི་དམན་པ་བླངས་ཡོད། ང་ཚོས་ཁྱབ་ཁོངས་སོ་སོའི་བཅོས་བསྒྱུར་མྱུར་དུ་སྤེལ་ནས། 2015ལོའི་ཀྲུང་དབྱང་གི་བཅོས་བསྒྱུར་ཁྱོན་ཡོངས་ཟབ་སྤེལ་བྱེད་པའི་མགོ་ཁྲིད་ཚན་ཆུང་གིས་གཏན་ཁེལ་བྱས་པའི་བཅོས་བསྒྱུར་ལས་འགན་བརྒྱ་དང་གཅིག་ཧ་ལམ་ཡོངས་འགྲུབ་བྱས་པ་དང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གིས་བཅོས་བསྒྱུར་ལས་འགན་བརྒྱ་དང་ང་གསུམ་ཡོངས་འགྲུབ་བྱས་ལ། ཕྱོགས་སོ་སོས་བསྡོམས་པས་བཅོས་བསྒྱུར་གྲུབ་འབྲས་བཞི་བརྒྱ་དང་བཅོ་ལྔ་ཕྱིར་བཏོན་པ་དང་། བཅོས་བསྒྱུར་ཐད་ནས་ཁྱོན་ཡོངས་ཤུགས་འབུད་པ་དང་གཏིང་ཟབ་ཏུ་སྤེལ་བའི་རྣམ་པ་བཟང་བོ་མངོན། ང་ཚོས་ཏང་གི་གནས་བབ་གསར་བའི་འོག་གི་དམག་དར་དམིགས་འབེན་ལག་ལེན་གཏིང་ཟབ་བྱས་ནས། བཅོས་བསྒྱུར་དམག་དར་འཐབ་ཇུས་ཁྱོན་ཡོངས་ནས་་ལག་བསྟར་བྱེད་པ་དང་། རྒྱལ་སྲུང་དང་དམག་དཔུང་བཅོས་བསྒྱུར་བཀོད་སྒྲིག་གཏིང་ཟབ་བྱས། ང་ཚོས་གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་ཆེད་དོན་སློབ་གསོའི་ཐད་དམ་འཛིན་བྱས་པ་དང་། མུ་མཐུད་དུ་རུལ་སུངས་ལ་ངོ་རྒོལ་བྱས་ནས། རུལ་སུངས་ལ་ཆད་པ་ནན་མོ་གཅོད་པ་དང་། ལྐོག་ཟ་ལ་ཐག་གཅོད་ནན་མོ་བྱེད་པའི་ཆོད་སེམས་མངོན་པར་བྱས་ཡོད་ཟེར། ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ལོ་འདིར་ང་ཚོས་གཟབ་རྒྱས་ངང་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བ་མ་ཟད་དམག་གཟིགས་མཛད་སྒོ་བསྡུས་ནས། ལོ་རྒྱུས་སེམས་སུ་དམ་པོར་འཛིན་པ་དང་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ། ཞི་བདེ་ལ་གཅེས་སྤྲས་བྱེད་པ། མ་འོངས་གསར་གཏོད་བྱེད་པའི་དྲང་བདེན་འུད་ཤེས་དང་མི་རིགས་ཀྱི་སྙིང་སྟོབས་མངོན་པར་བྱས་ཡོད་པ་དང་། ང་ཚོས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། ཁྲིམས་ལྟར་དོན་བྱ་བསྒྲུབ་པར་རྒྱུན་འཁྱོངས་བྱས་ནས། ནང་ལོགས་དང་ཞང་ཀང་། ཨོ་མིན་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན། ང་ཚོས་ཧུར་ཐག་གིས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་གཏིང་ཟབ་ཏུ་བཏང་བ་དང་། མཚོ་འགག་འགྲམ་གཉིས་ཀྱི་མགོ་ཁྲིད་པའི་བར་གྱི་མངོན་འགྱུར་བྱས། ང་ཚོས་ཁྱོན་ཡོངས་ཀྱི་ཕྱི་ཕྱོགས་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་སྟེང་ཀྲུང་གོའི་གྲོས་གཞི་བཏོན་པ་དང་ཀྲུང་གོའི་ཇུས་གཞི་འདོན་སྤྲོད་བྱས་ཏེ། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་ལས་དོན་བླ་མེད་ཐད་བྱས་རྗེས་གསར་བ་བཞག་ཟེར། ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ལོ་གསར་བའི་ནང་། ང་ཚོས་རྒྱལ་གཅེས་རིང་ལུགས་ཀྱི་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་བྱེད་པའི་ཏང་ཁག་མང་པོ་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་དེ་འཐུས་ཚང་དུ་བཏང་སྟེ། མུ་མཐུད་ནས་ལས་དོན་འཕེལ་རྒྱས་ཐད་མི་སེམས་གཅིག་བསྒྲིལ་བྱེད་པ་དང་སྟོབས་ཤུགས་འབུད་རྒྱུ་ཡིན་པ་དང་། མི་དམངས་སྲིད་གྲོས་ཀྱིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་འཕེལ་རྒྱས་ཐད་བློ་འདོན་ཇུས་འབུལ་བྱེད་རྒྱུ་དེ་འགན་ནུས་སྒྲུབ་པའི་གཙོ་ཐིག་ཏུ་བྱས་ནས། གྲོས་གཞི་འདོན་པ་དང་ཐབས་ཇུས་བཟང་བོ་འདོན་པ། བྱེད་ཐབས་བཟང་བོ་སྤྱད་དེ། རྒྱལ་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དང་། མྱུར་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་སྤེལ་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱི་ཇ་སྟོན་ཚོགས་འདུར་མགོ་འཛིན་བྱས། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཁྲིན་ཁྲང་ཀྲི་ཡིས་དམངས་གཙོ་ཏང་ཁག་ཀྲུང་དབྱང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་ཚབ་བྱས་ཏེ་གཏམ་བཤད། ཇ་སྟོན་ཚོགས་འདུའི་སྟེང་། ཞི་ཅིན་ཕེན་ལས་རིགས་སོ་སོའི་མི་སྣ་དང་ལག་འཇུ་བྱས་ནས་ལོ་སར་གྱི་འཚམས་འདྲི་བྱས། པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགོ་ཁྲིད་བློ་མཐུན་ཁ་ཤས། རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་ཁྲིད་བློ་མཐུན་དང་སྔོན་ཆད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་ཁུར་མྱོང་བའི་པེ་ཅིན་དུ་ཡོད་པའི་བློ་མཐུན་རྒན་པ་བཅས་ཇ་སྟོན་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀའོ་ཧྲིན་ཁུང་གིས་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ནང་སྲིད་པུའུ་ཡི་པུའུ་ཀྲང་ཐུའུ་ཨར་ཀན་པ་ཡེ་ཧྥུའུ་དང་གྲོས་མོལ་བྱས།

རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།