ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར་ཀྲུང་ཧྭ་མི་རིགས་རྒྱལ་གཅེས་རིང་ལུགས་སྙིང་སྟོབས་ཀྱི་ལོ་རྒྱུས་གྲུབ་ཚུལ་དང་འཕེལ་རྒྱས་ཐད་ཀྱི་ཐུན་མོང་གི་སློབ་སྦྱོང་ཐེངས་ཉེར་དགུ་བ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སློབ་སྦྱོང་ལ་མགོ་འཛིན་བྱེད་སྐབས་ནན་གྱིས་བསྟན་དོན། རླབས་ཆེན་གྱི་ལས་དོན་ཐད་རླབས་ཆེན་གྱི་སྙིང་སྟོབས་དགོས་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་རྒྱུ་ནི། དེང་སྐབས་ཀྱི་ཀྲུང་གོའི་རྒྱལ་གཅེས་རིང་ལུགས་ཀྱི་མངོན་གསལ་ཆེ་བའི་བརྗོད་དོན་ཡིན་པས། སྟོབས་ཤུགས་ཆེན་པོས་རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། བཅོས་བསྒྱུར་གསར་གཏོད་གཙོར་བྱས་པའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་སྙིང་སྟོབས་ཀྱི་འདེགས་སྐྱོར་གལ་ཆེན་དང་སྙིང་སྟོབས་ཀྱི་སྒུལ་ཤུགས་སྟོབས་ལྡན་འདོན་སྤྲོད་བྱེད་དགོས་ཟེར།

ཆིན་ཧྭ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁྲིན་ལེ་ཡིས་གནད་དོན་དེའི་ཐད་ནས་འགྲེལ་བཤད་བྱས་པ་མ་ཟད། བསམ་འཆར་དང་གྲོས་གཞི་བཏོན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་ཁོའི་འགྲེལ་བཤད་ལ་ཉན།

ཞི་ཅིན་ཕེན་གྱིས་སློབ་སྦྱོང་ལ་མགོ་འཛིན་བྱེད་སྐབས་གསུང་བཤད་གནང་། ཁོང་གིས་བསྟན་དོན། རྒྱལ་གཅེས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་སྙིང་སྟོབས་ཀྱི་སྲོག་ཤིང་ཡིན་ལ། རྒྱལ་གཅེས་རིང་ལུགས་སྙིང་སྟོབས་དེ་ཀྲུང་ཧྭ་མི་རིགས་ཀྱི་སེམས་སུ་བརྟན་པོར་བཅངས་ཡོད་པ་དང་། དེ་ནི་ཀྲུང་ཧྭ་མི་རིགས་སྙིང་སྟོབས་ཀྱི་གཞི་རྩ་ཡིན་ལ། ཀྲུང་གོའི་མངའ་ཁོངས་ནང་གི་མི་རིགས་སོ་སོའི་མཐུན་སྒྲིལ་གཅིག་གྱུར་དང་འབྲེལ་ཡོད་པ་མ་ཟད། མི་རབས་རེ་རེའི་ཀྲུང་ཧྭའི་བུ་དང་བུ་མོའི་མེས་རྒྱལ་གྱི་འཕེག་རྒྱས་འབྱོར་ཕྱུག་ཐད་འབད་བརྩོན་ལྷོད་མེད་བྱེད་པར་སྐུལ་སློང་བྱེད་ཀྱིན་ཡོད། ལོ་ངོ་སྟོང་ཕྲག་ལྔའི་རིང་ལ། ཀྲུང་ཧྭ་མི་རིགས་ཀྱིས་བསམ་ཡུལ་ལས་འདས་པའི་ཉེན་ཁ་མང་པོ་ཉམས་སད་ཐེག་ཐུབ་པ་དང་། དུས་དང་རྣམ་པ་ཀུན་ཏུ་གསོན་ཤུགས་ཆེན་པོ་རྒྱུན་འཁྱོངས་བྱས་པ་དེ། ཀྲུང་ཧྭ་མི་རིགས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་དང་ཁ་བྲལ་ཐབས་མེད་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་ནི་རྒྱལ་གཅེས་རིང་ལུགས་སྙིང་སྟོབས་དར་སྤེལ་བྱེད་མཁན་དང་ལག་ལེན་བྱེད་མཁན་ཡིན་པ་དང་། ནམ་ཡང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་རྒྱུ་དེ་རང་ཉིད་ཀྱི་ལོ་རྒྱུས་ཀྱི་འགན་འཁྲི་རུ་བརྩིས་ཡོད། ལོ་ངོ་དགུ་བཅུའི་རིང་ལ། ང་ཚོ་ཏང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་ལག་ལེན་བྱས་པ་དེ་ནི། རྒྱལ་གཅེས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རྒྱལ་གཅེས་རིང་ལུགས་སྙིང་སྟོབས་ཀྱི་འོད་སྟོང་འབར་བའི་གླེགས་བམ་བྲིས་ཡོད་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། གཅིག རྒྱལ་གཅེས་རིང་ལུགས་སྙིང་སྟོབས་དར་སྤེལ་བྱེད་ན། ངེས་པར་དུ་རྒྱལ་གཅེས་རིང་ལུགས་སློབ་གསོ་དེ་ཡུན་རིང་གི་བརྗོད་དོན་དུ་བྱེད་དགོས། གཉིས། རྒྱལ་གཅེས་རིང་ལུགས་སྙིང་སྟོབས་དར་སྤེལ་གཏོང་ན། ངེས་པར་དུ་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་གཉིས་གཅིག་གྱུར་ཡིན་པ་རྒྱུན་འཁྱོངས་བྱེད་དགོས། གསུམ། རྒྱལ་གཅེས་རིང་ལུགས་དར་སྤེལ་གཏོང་ན། ངེས་པར་དུ་མེས་རྒྱལ་གྱི་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་དགོས། བཞི། རྒྱལ་གཅེས་རིང་ལུགས་དར་སྤེལ་གཏོང་ན། ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་ལ་བརྩི་མཐོང་བྱེད་དགོས། ལྔ། རྒྱལ་གཅེས་རིང་ལུགས་དར་སྤེལ་གཏོང་ན། ངེས་པར་དུ་མི་རིགས་ལ་རྐང་འཛུགས་པ་དང་འཛམ་གླིང་ལ་ཁ་གཏོད་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀའོ་ཧྲིན་ཁུང་གིས་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ནང་སྲིད་པུའུ་ཡི་པུའུ་ཀྲང་ཐུའུ་ཨར་ཀན་པ་ཡེ་ཧྥུའུ་དང་གྲོས་མོལ་བྱས།

རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།