ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི2015ལོའི་བྱ་བའི་ཡར་ཞུ་ལ་ཉན་པ་དང་། 2016ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པར་མ་ཟད། ཤར་བྱང་ས་ཁུལ་སོགས་བཟོ་ལས་རྟེན་གཞི་རྙིང་བ་ཁྱོན་ཡོངས་ནས་དར་རྒྱས་སུ་གཏོང་བའི་སྐོར་གྱི་བསམ་འཆར་རབ་དང་རིམ་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

གྲོས་ཚོགས་ནས་བསྟན་དོན། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་ནི་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྒོས་སྐུལ་འདེད་གཏོང་བ་དང་། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཁག་ཐེག་གལ་ཆེན་ཡིན། 2015ལོར་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་སྒོས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་བཏང་ནས། ཀྲིན་ཡུང་ཁང་དང་ལིན་ཅི་ཧྭ་སོགས་ཀྱི་ཁྲིམས་འགལ་ལུགས་འགལ་གྱི་གྱོད་གཞི་ཚབས་ཆེན་ལ་ཁྲིམས་ཆད་ནན་མོ་བཅད་པ་དང་རུལ་སུངས་རྒྱ་ཡན་དུ་འགྲོ་བའི་གནས་ཚུལ་ལ་བཀག་འགོག་ནན་མོ་བྱས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་བླངས་པར་མ་ཟད། ཏང་སེམས་དང་དམངས་སེམས་གཅིག་ཏུ་བསྡུས་པ་དང་། མི་དམངས་མང་ཚོགས་ཀྱིས་སྔར་ལས་ཏང་ལ་ཡིད་ཆེས་དང་ཡིད་རྟོན་བྱེད་པར་བྱས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་རྒྱུ་ནི་གནས་བབ་གསར་བའི་འོག་ང་ཚོ་ཏང་གིས་སྤེལ་བའི་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་བ་ལྡན་པའི་རླབས་ཆེན་འཐབ་རྩོད་ཀྱི་ཕྱོགས་གལ་ཆེན་ཡིན་པས། ངེས་པར་དུ་ལངས་ཕྱོགས་བརྟན་པོ་དང་ཡིད་ཆེས་བརྟན་པོ་བཅངས་ཏེ། འཐབ་རྩོད་དེ་ལས་རྣམ་པར་རྒྱལ་བར་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་བ། ཐེངས་ལྔ་བ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྒོས་སྐུལ་འདེད་གཏོང་བ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་སྒྲིག་ཡིག་གཞི་རྩའི་བསྲུང་བྱ་དང་ཏང་གི་སྒྲིག་ཁྲིམས་གཞི་རྩའི་ཚད་གཞིར་བརྩིས་ནས། སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ་དང་། ཏང་ནང་གི་ཁྲིམས་སྲོལ་དང་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ལག་བསྟར་ནན་མོ་བྱས་ནས། རུལ་སུངས་རྒྱ་ཡན་དུ་འགྲོ་བའི་གནས་བབ་ལ་བློ་བརྟན་འགྱུར་མེད་སྒོས་བཀག་འགོག་བྱེད་དགོས་ལ། ཕུགས་འདུན་དང་ཆོད་སེམས་ཇེ་ཆེར་བཏང་སྟེ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་དགོས་ཟེར།

གྲོས་ཚོགས་ནས་སང་ལོའི་ཟླ་དང་པོའི་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅུ་བཞི་ཉིན་བར་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་བསྡུ་རྒྱུར་འཐད་པ་བྱུང་།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་ལ་ཤར་བྱང་བཟོ་ལས་ས་ཁུལ་རྟེན་གཞི་རྙིང་བ་ཁྱོན་ཡོངས་ནས་དར་རྒྱས་སུ་གཏོང་བའི་གནད་འགག་གི་དུས་སྐབས་ཤིག་ཡིན་པས། གསར་སྐྲུན་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བློ་བརྟན་འགྱུར་མེད་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། རང་རྒྱལ་གྱི་དཔལ་འབྱོར་རྒྱུན་རྣམ་གསར་བའི་འཕེལ་ཕྱོགས་རང་བཞིན་གྱི་ཁྱད་ཆོས་དང་མཐུན་པར་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་སུ་གཏོང་རྒྱུ་གཙོ་བོར་བཟུང་ནས། མཁོ་འདོན་ལོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གྱི་ཤུགས་ཚད་ཇེ་ཆེར་གཏོང་དགོས་ལ། འགྱུར་ལྡོག་ཁྲོད་ནས་གསར་སྐྲུན་བྱེད་པ་དང། འགྱུར་ལྡོག་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པ། འགྱུར་ལྡོག་ཁྲོད་འཕེལ་རྒྱས་འབྱུང་བར་བྱས་ནས། ཤར་བྱང་བཟོ་ལས་རྟེན་གཞི་རྙིང་བའི་འཕེལ་རྒྱས་ཀྱི་སྟོབས་ཤུགས་དང་ནང་ཁུལ་གྱི་སྒུལ་ཤུགས། སྤྱིའི་འགྲན་རྩོད་ཀྱི་ནུས་པ་བཅས་ཇེ་ཆེར་གཏོང་བར་འབད་བརྩོན་བྱེད་དགོས་ཟེར།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སྐོར་གསར་བའི་ཤར་བྱང་བཟོ་ལས་རྟེན་གཞི་རྙིང་བ་དར་རྒྱས་སུ་གཏོང་བའི་བྱ་བ་བཟང་བོར་བསྒྲུབ་དགོས་ན། གཙོ་བོ་ཕྱོགས་བཞིའི་བྱ་བ་གཙིགས་འཛིན་བྱེད་དགོས། གཅིག་ནི་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་དང་། གཉིས་ནི་སྟོབས་ཤུགས་ཡོད་རྒུ་བཏོན་ནས་སྒྲིག་གཞི་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་དགོས། གསུམ་ནི་སྟོབས་ཤུགས་ཡོད་རྒུ་བཏོན་ནས་གསར་གཏོད་ལས་སྐྲུན་བྱེད་པར་སྐུལ་མ་གཏོང་དགོས། བཞི་ནི་སྟོབས་ཤུགས་ཡོད་རྒུ་བཏོན་ནས་དམངས་ཚིས་ལ་ཁག་ཐེག་དང་ལེགས་བཅོས་བྱེད་དགོས། རྒྱལ་ཡོངས་ཀྱིས་ས་ཁུལ་གཞན་པས་ས་གནས་རང་གི་བཟོ་ལས་རྟེན་གཞི་རྙིང་བ་དར་རྒྱས་སུ་གཏོང་བའི་བྱ་བ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་དུ་འཇོག་དགོས། འབྲེལ་ཡོད་ལས་ཁུངས་སོ་སོས་སྲིད་ཇུས་ཀྱི་རོགས་སྐྱོར་དང་ལག་བསྟར་བྱ་བའི་ཤུགས་ཚད་ཇེ་ཆེར་གཏོང་དགོས།

གྲོས་ཚོགས་ནས་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀའོ་ཧྲིན་ཁུང་གིས་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ནང་སྲིད་པུའུ་ཡི་པུའུ་ཀྲང་ཐུའུ་ཨར་ཀན་པ་ཡེ་ཧྥུའུ་དང་གྲོས་མོལ་བྱས།

རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།