ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2016ལོའི་ལོ་སར་ཟློས་གར་དགོང་ཚོགས་ཚེས་སུམ་ཅུ་ཉིན་གྱི་དགོང་མོར་རྒྱལ་ཁབ་ཟློས་གར་ཁང་ཆེན་མོ་ནས་བསྡུས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀོ་ལིས་སོགས་ཀྱིས་རྒྱལ་ས་པེ་ཅིན་གྱི་མང་ཚོགས་སྟོང་ཕྲག་འགའ་དང་མཉམ་དུ་འཁྲབ་སྟོན་ལ་བལྟས་ནས་ལོ་སར་བསུས།

དགོང་མོའི་དུས་ཚོད་བདུན་དང་སྐར་མ་ཞེ་ལྔའི་སྟེང་། ཞི་ཅིན་ཕེན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ཚོ་དགོང་ཚོགས་ཡུལ་དངོས་སུ་ཕེབས་ནས། འཁྲབ་སྟོན་ལ་བལྟ་རུ་ཡོང་བའི་སྒྱུ་རྩལ་པ་ཚོ་དང་རེ་རེ་བཞིན་ལག་འཇུ་བྱས། སྤྲོ་སྐྱིད་ལྡན་པའི་ཟློས་གར་བརྒྱའི་ལོ་སར་བསུ་བ་ཞེས་པའི་སྙན་འཇེབས་འགྱུར་ཁུགས་ཁྲོད་ནས་དགོང་ཚོགས་ཀྱི་སྒོ་གླེགས་ཕྱེས། སྒྱུ་རྩལ་པ་དང་འཁྲབ་སྟོན་པ་ཚོའི་ཕུན་སུམ་ཚོགས་པའི་འཁྲབ་སྟོན་ལ་ལྟད་མོ་ཡོངས་ཀྱི་དགའ་བསུ་ཆེན་པོ་ཐོབ།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀའོ་ཧྲིན་ཁུང་གིས་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ནང་སྲིད་པུའུ་ཡི་པུའུ་ཀྲང་ཐུའུ་ཨར་ཀན་པ་ཡེ་ཧྥུའུ་དང་གྲོས་མོལ་བྱས།

རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།