ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་སྐབས་བདུན་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་ཟི་ལིང་ནས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཀྲུའུ་རིན་ཨུ་ཡོན་མཱ་ཀྲི་ཝེ་གྲོས་ཚོགས་སྟེང་ཞུགས་ཤིང་གཏམ་བཤད།

གྲོས་ཚོགས་སྟེང་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་ཤུགས་ཆེན་བྱས་པ་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བའི་དགོངས་དོན་དང་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་གང་ལེགས་བྱས་པར་མ་ཟད། ཀྲུང་གོ་གོ་མིན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ། ཀྲུང་གོ་གོ་མིན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བདུན་པའི་ཚང་འཛོམས་གྲོས་ཚོགས་བཅས་ཀྱི་གྲོས་ཆོད་ལ་གྲོས་ཞིབ་བྱས།

ཚོགས་ཐོག་ནས་འདས་པའི་ལོ་ངོ་གཅིག་རིང་གི་ཀྲུང་གོ་གོ་མིན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་བྱ་བ་གཙོ་བོའི་གྲུབ་འབྲས་ལ་གདེང་འཇོག་དང་སྤྱི་སྡོམ་བྱས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཉིས་སྟོང་བཅུ་དྲུག་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མགོ་བརྩམས་པའི་ལོ་ཡིན་པས། ཀྲུང་གོ་གོ་མིན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་ནས། ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་ཡོང་བར་འབད་འབུངས་བྱེད་པ། སློབ་སྦྱོང་དང་ལག་ལེན་བྱ་འགུལ་བར་མ་ཆད་པའི་ངང་སྤེལ་བ། ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། གྲོས་མོལ་བྱེད་ནུས་མཐོར་འདེགས་ཡོང་བར་རྒྱུན་འཁྱོངས་ལྷོད་མེད་བཅས་ཡོང་བར་འབད་འབུངས་ཧུར་བསྐྱེད་བྱ་དགོས། རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་སྤྱི་ཡོངས་ལ་དམིགས་ནས། ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་རླབས་ཆེན་ལས་དོན་ལག་ལེན་ཁྲོད་ནས་ཏང་སྲིད་ཞུགས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས། ཁྱོན་ཡོངས་བཞིའི་ཁྱབ་ཁོངས་ཀྱི་བཅོས་སྒྱུར་དང་དཔལ་འབྱོར་འཕེལ་རྒྱས་བྱེད་ཕྱོགས་བསྒྱུར་བའི་བྱ་བ་དཀྱིལ་སྙིང་དུ་བཟུང་ནས། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་སྔོན་བསྐྱོད་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་དང་དམངས་ཚིས་ལས་དོན་ལེགས་བཅོས་འགན་སྲུང་ཁྲོད་གནས་པའི་གནད་དོན་གཙོ་བོ་ཕྱི་བཤོལ་མེད་པའི་ངང་བསྒྲུབ་དགོས། འཛུགས་སྐྲུན་ལས་དོན་ལ་གཞི་འཛིན་ས་ཡོད་པ་དང་ལས་དོན་མཐའ་འཁྱོལ་བར་བསྒྲུབ་པ་ལ་ཐབས་ཇུས་ཡོད་པར་བརྩོན་ནས། ཀྲུང་གོ་གོ་མིན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྲིད་ཞུགས་སྲིད་གླེང་བྱ་བ་དངོས་ཐོག་དོན་གནས་ཡོང་བར་འབད་པ་བྱེད་དགོས། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐའ་འཁྱོལ་བྱས་ཏེ། རང་སྟེང་གི་འཛུགས་སྐྲུན་བྱ་བ་ཁྱོན་ཡོངས་ནས་ཇེ་དྲག་ཏུ་བཏང་ནས། འགན་ནུས་ཆུ་ཚད་མཐོར་འདེགས་ཡོང་བར་སྒོ་ཀུན་ནས་སྤེལ་བ་བརྒྱུད། ཁུལ་གསུམ་འཛུགས་སྐྲུན་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལས་དོན་ལ་བྱས་རྗེས་ཆེན་པོ་འཇོག་དགོས་པ་བསྟན།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀའོ་ཧྲིན་ཁུང་གིས་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ནང་སྲིད་པུའུ་ཡི་པུའུ་ཀྲང་ཐུའུ་ཨར་ཀན་པ་ཡེ་ཧྥུའུ་དང་གྲོས་མོལ་བྱས།

རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།