ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ས་གནས་ལོ་རྒྱུས་མ་ལག་སྔོན་ཐོན་མིག་དཔེའི་བཞུགས་མོལ་ཚོགས་འདུ་ཚེས་ཉེར་དགུའི་ཉིན་པེ་ཅིན་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་མཛུབ་སྟོན་གལ་ཆེན་གནང་། མཛུབ་སྟོན་ལས་བསྟན་དོན། རྒྱལ་ཡོངས་ཀྱི་རྒྱ་ཆེ་བའི་ས་གནས་ལོ་རྒྱུས་ཀྱི་བྱ་བ་སྒྲུབ་མཁན་ཚོས་སྲོལ་རྒྱུན་རྒྱུན་འཛིན་དང་གསར་གཏོད་གསར་སྐྲུན་གྱི་འདུ་ཤེས་བཅངས་ཏེ་ཕུལ་དུ་བྱུང་བའི་ཤེས་ལྡན་མི་སྣ་གང་མང་ཞིག་གསོ་སྐྱོང་བྱས་ཡོད་ལ། འདིར་ཆེད་དུ་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་བྱ་བ་བྱེད་མཁན་རྣམས་ལ་རྟེན་འབྲེལ་ཞུས་པ་ཡིན། རིམ་པ་སོ་སོའི་སྲིད་གཞུང་གིས་ས་གནས་ལོ་རྒྱུས་ཀྱི་ལས་དོན་འཕེལ་རྒྱས་སུ་འགྲོ་བར་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། ས་གནས་ལོ་རྒྱུས་ཀྱི་བྱ་བ་སྒྲུབ་མཁན་རྣམས་ཀྱིས་མུ་མཐུད་དུ་ལས་རིགས་འདི་སྒྲུབ་མཁན་རྣམས་ཀྱི་སྙིང་སྟོབས་དར་སྤེལ་དུ་བཏང་ནས་དེང་རབས་ལ་སྲིད་གྲོགས་སྲིད་སྐྱོང་གི་རྒྱུ་ཆ་མང་པོ་འདོན་སྤྲོད་བྱེད་པ་དང་། རྗེས་རབས་པ་རྣམས་ལ་དཔེ་ལྟ་བྱེད་སའི་བྲིས་རིས་ངོ་མ་ཞིག་འཇོག་དགོས་པའི་རེ་བ་བཏོན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཡན་ཏུང་གིས་ཚོགས་ཞུགས་འཐུས་མི་རྣམས་ལ་མཇལ་འཕྲད་གནང་བར་མ་ཟད་གཏམ་བཤད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀའོ་ཧྲིན་ཁུང་གིས་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ནང་སྲིད་པུའུ་ཡི་པུའུ་ཀྲང་ཐུའུ་ཨར་ཀན་པ་ཡེ་ཧྥུའུ་དང་གྲོས་མོལ་བྱས།

རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།