ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས«རྒྱལ་ཡོངས་རང་བཞིན་གྱི་རིག་རྩལ་བརྩམས་ཆོས་བྱ་དགའི་དཔྱད་འདེམ་ལམ་ལུགས་བཅོས་སྒྱུར་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་འབྲེལ་ནས་ལག་བསྟར་ནན་མོ་བྱེད་དགོས་པའི་རེ་བ་བཏོན།

«བསམ་འཆར»ལས་རྒྱལ་ཡོངས་རང་བཞིན་གྱི་རིག་རྩལ་བརྩམས་ཆོས་བྱ་དགའི་དཔྱད་འདེམ་ལམ་ལུགས་བཅོས་སྒྱུར་གྱི་དོན་སྙིང་གལ་ཆེན་དང་མཛུབ་སྟོན་བསམ་བློ། གཞི་རྩའི་རྩ་དོན། སྤྱིའི་དམིགས་འབེན་བཅས་རྒྱས་བཤད་བྱས་ཤིང་། རྒྱལ་ཡོངས་རང་བཞིན་གྱི་རིག་རྩལ་བརྩམས་ཆོས་བྱ་དགའི་དཔྱད་འདེམ་གྱི་ནང་དོན་གཏན་འཁེལ་བྱས་པ་དང་། རྒྱལ་ཡོངས་རང་བཞིན་གྱི་རིག་རྩལ་བརྩམས་ཆོས་བྱ་དགའི་དཔྱད་འདེམ་གྱི་ཚད་གཞི་དང་ཞིབ་བཤེར་མཆན་བཀོད་འཐུས་ཚང་དུ་བཏང་ཞིང་བྱ་དགའི་དཔྱད་འདེམ་གྱི་བྱ་དགའི་རིགས་དང་གྲངས་ཀ་ཇེ་ཉུང་དུ་བཏང་ཡོད། «བསམ་འཆར»ལས་ད་དུང་སྤྱི་ཚོགས་རྩ་འཛུགས་དང་སློབ་གྲྭ། ཞིབ་འཇུགས་ལས་ཁུངས། དེ་མིན་ཁེ་ལས་སོགས་ཀྱིས་རྒྱལ་ཡོངས་རང་བཞིན་གྱི་རིག་རྩལ་བརྩམས་ཆོས་བྱ་དགའི་དཔྱད་འདེམ་གྱི་དོ་དམ་ལ་ཤུགས་བསྣན་ཏེ། དཔྱད་འདེམ་ཞིབ་བཤེར་ནང་རྐྱེན་ཆ་ཚང་དུ་གཏོང་བ་དང་ལྟ་རྟོག་ཞིབ་བཤེར་ལ་ཤུགས་སྣོན་ཞིང་རྒྱབ་སྐྱོར་འགན་སྲུང་འདོན་སྤྲོད་བྱེད་པ་དང་། ལག་བསྟར་དང་དངོས་འབེབས་སོགས་ཀྱི་བྱ་བ་ཞིབ་ཕྲ་དང་ཚད་ལྡན་དུ་བཏང་ཡོད།

«བསམ་འཆར»དེ་ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱས་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀའོ་ཧྲིན་ཁུང་གིས་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ནང་སྲིད་པུའུ་ཡི་པུའུ་ཀྲང་ཐུའུ་ཨར་ཀན་པ་ཡེ་ཧྥུའུ་དང་གྲོས་མོལ་བྱས།

རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།