ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་ཨུ་ཡོན། སྤྱི་བདེ་པུའུ་ཡི་པུའུ་ཀྲང་། སྤྱི་བདེ་པུའུ་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གོ་ཧྲིན་ཁུང་གིས་ཚེས་ཉེར་བརྒྱད་ཉིན་མགོ་འཛིན་བྱས་ཏེ་པུའུ་ཡི་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་རྒྱ་སྐྱེད་གྲོས་ཚོགས་ཐེངས་བཅུ་དགུ་བ་བསྡུས། ཚོགས་ཐོག་ནས་གོ་ཧྲིན་ཁུང་གིས་ད་ལོར་སྤྱི་བདེ་བཅོས་སྒྱུར་ལས་འགན་དངོས་འབེབས་བྱས་པའི་གནས་ཚུལ་ལ་ནན་ཏན་སྒོས་སྤྱི་སྡོམ་བྱེད་པ་དང་སང་ལོའི་སྤྱི་བདེ་བཅོས་སྒྱུར་བྱ་བར་བཀོད་སྒྲིག་ཞིབ་མོ་བྱེད་དགོས་ལ། སྤྱི་བདེ་བཅོས་སྒྱུར་ཟབ་སྤེལ་གྱི་འགན་འཁྲིའི་བསམ་པ་དང་དགོས་གལ་བསམ་པ་ཇེ་དྲག་ཏུ་གཏོང་བ་དང་། གནད་ས་འབུར་ཐོན་དང་གནད་ཕིགས་ཤུགས་འདོན་བྱེད་དགོས་པར་མ་ཟད། འགན་འཁུར་ནུས་པ་ཇེ་ཆེར་གཏོང་བ་དང་དངོས་འབེབས་བྱ་བ་དམ་འཛིན་བྱེད་པ་དང་། སྤྱི་བདེ་བཅོས་སྒྱུར་ཟབ་སྤེལ་ལ་སྐུལ་འདེད་བཏང་ནས་སྤྱི་བདེ་ལས་དོན་སྔར་ལས་གོང་འཕེལ་དུ་འགྲོ་བར་རྨང་གཞི་བརྟན་པོ་འདིང་བ་དང་རྒྱ་ཆེའི་མི་དམངས་མང་ཚོགས་དང་གཞི་རིམ་མི་དམངས་ཉེན་རྟོག་པར་ཁེ་ཕན་སྔར་ལས་མང་པོ་སྐྲུན་དགོས་ཞེས་ནན་གྱིས་བསྟན།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀའོ་ཧྲིན་ཁུང་གིས་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ནང་སྲིད་པུའུ་ཡི་པུའུ་ཀྲང་ཐུའུ་ཨར་ཀན་པ་ཡེ་ཧྥུའུ་དང་གྲོས་མོལ་བྱས།

རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།