ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་ཀྲི་ཀོང་ཏང་གི་སྐབས་བཅུ་བཞི་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་ཚེས་ཉེར་བརྒྱད་ཉིན་པེ་ཅིན་ནས་ཚོགས་མགོ་བརྩམས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲི་ཀོང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་བན་ཀང་གྲོས་ཚོགས་ལ་ཞུགས་པར་མ་ཟད་སྐབས་བཅུ་བཞི་བའི་ཀྲུང་དབྱང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་ཕུལ།

བན་ཀང་གིས་བཤད་རྒྱུར། ཉིས་སྟོང་བཅོ་ལྔ་ལོར་ཀྲི་ཀོང་ཏང་གིས་ཁྱོན་ཡོངས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་ལ་ཞབས་ཕྱི་བསྒྲུབས་པ་དང་། གཞུང་དོན་དུ་འབད་བརྩོན་ལྷོད་མེད་བྱེད་པ་དང་ཕྱི་སྡོད་རང་མིས་རྒྱལ་ཁབ་ལ་དྲིན་འཇལ་བ་རྒྱུན་འཁྱོངས་བྱས་ནས། སྲིད་ཞུགས་སྲིད་གླེང་དང་ཕྱི་ཕྱོགས་འབྲེལ་འདྲིས། སྤྱི་ཚོགས་ཞབས་ཕྱི་བཅས་ཀྱི་ནུས་པ་ཇེ་ཆེ་དང་ཕན་འབྲས་ཇེ་མཐོར་བཏང་སྟེ་བྱ་བ་སོ་སོའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས་ཟེར།

བན་ཀང་གིས་ནན་གྱིས་བསྟན་དོན། ཉིས་སྟོང་བཅུ་དྲུག་ལོར་ཀྲི་ཀོང་ཏང་གིས་ཀྲུང་གུང་ཀྲུང་དབྱང་གི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པ་དང་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཟུང་འབྲེལ་བྱེད་པ། ཧུར་ཐག་སྒོས་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མགོ་རྩོམ་པར་བློ་འདོན་ཇུས་འབུལ་བྱེད་པར་དམིགས་ཏེ། སྲིད་ཞུགས་སྲིད་གླེང་གི་བྱ་བའི་ནང་རྐྱེན་སྔར་ལས་འཐུས་ཚང་དུ་གཏོང་བ་དང་སྲིད་ཏང་གྲོས་མོལ་གྱི་ནུས་པ་ཇེ་ཆེ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས་ལ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་ས་ཁུལ་དང་རྒྱལ་ཁབ་གཙོ་བོ་འབུར་དུ་ཐོན་པར་བྱས་ནས། སྟོབས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་མཛའ་བཤེས་བྱ་བ་བཟང་བོར་བསྒྲུབ་དགོས་པར་མ་ཟད་སྤྱི་ཚོགས་ཞབས་ཕྱིའི་ནུས་པ་ཇེ་ཆེར་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀའོ་ཧྲིན་ཁུང་གིས་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ནང་སྲིད་པུའུ་ཡི་པུའུ་ཀྲང་ཐུའུ་ཨར་ཀན་པ་ཡེ་ཧྥུའུ་དང་གྲོས་མོལ་བྱས།

རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།