ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས«རྒྱལ་ཁབ་ཀྱི་དཔྱ་ཁྲལ་དང་ས་གནས་ཀྱི་དཔྱ་ཁྲལ་བསྡུ་ལེན་དོ་དམ་སྒྲིག་གཞི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྐོར་གྱི་ཇུས་གཞི»དཔར་ནས་བཀྲམ་པར་མ་ཟད་བརྡ་ཐོ་བཏང་སྟེ། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་སྦྲེལ་ནས་དེ་ལག་བསྟར་ནན་མོ་བྱེད་དགོས་པའི་རེ་བ་བཏོན།

བཅོས་སྒྱུར་ཇུས་གཞིའི་སྤྱིའི་རེ་བའི་མཛུབ་སྟོན་བསམ་བློ་ནི། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པ། ཐེངས་བཞི་བ། ཐེངས་ལྔ་བ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ནས། ཏིན་ཞའོ་ཕེན་གྱི་རིགས་གཞུང་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་བཟུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་ཟབ་མོ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་དང་བཀོད་སྒྲིག་ལྟར། ཁྲིམས་སྐྱོང་སྣེ་ཁྲིད་བྱེད་པ་དང་། བཅོས་སྒྱུར་གསར་གཏོད་བྱེད་པ། རྒྱལ་ཁབ་ཀྱི་དཔྱ་ཁྲལ་དང་ས་གནས་ཀྱི་དཔྱ་ཁྲལ་གྱི་ཁྱད་སྟོབས་འདོན་སྤེལ་བྱས་ནས། མཉམ་བསྲེས་ཟབ་མོ་བྱེད་པ་དང་། གནས་བབ་དང་བསྟུན་ནས་ཁྲིམས་འཛིན་ལེགས་སྒྲིག་བྱེད་པ། ཆ་འཕྲིན་གཅིག་བསྡུ་བྱེད་པ་བཅས་ལ་ཞབས་ཕྱི་སྒྲུབ་པར་སྐུལ་འདེད་གཏོང་དགོས་ལ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ད་ལྟའི་ཁྲལ་བསྡུ་དོ་དམ་སྒྲིག་གཞིའི་ཁྲོད་ཀྱི་གནད་དོན་གཙོ་བོ་ཐག་གཅོད་བྱས་ཏེ། ཁྲལ་བསྡུ་དོ་དམ་སྒྲིག་གཞི་དང་ཁྲལ་བསྡུ་དོ་དམ་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། ཁྲལ་བསྡུ་ཡོང་སྒོའི་རྒྱལ་ཁབ་བཅོས་སྐྱོང་ཁྲོད་ཀྱི་རྨང་གཞིའི་རང་བཞིན་དང་རྐང་འཛིན་རང་བཞིན། འགན་སྲུང་རང་བཞིན་བཅས་ཀྱི་ནུས་པ་སྔར་ལས་ཇེ་ཆེར་གཏོང་དགོས་པ་དེ་ཡིན།

གཞི་རྩའི་རྩ་དོན་ནི་ཁྲིམས་ལྟར་ཁྲལ་བསྡུ་བྱ་བ་བཅོས་སྐྱོང་བྱེད་པ་དང་། མང་ཚོགས་ལ་སྟབས་བདེ་བསྐྲུན་པའི་ཆེད་དུ་ཁྲལ་བསྡུ་བྱ་བ་སྒྲུབ་པ། ཚན་རིག་དང་ཕན་ནུས་ལྡན་པའི་སྒོ་ནས་ཁྲལ་བསྡུ་བྱ་བ་སྒྲུབ་པ། མཐུན་སྦྱོར་སྒོས་མཉམ་བཅོས་བྱེད་པ། གོ་རིམ་ལྡན་པའི་སྒོ་ནས་ཁྲལ་བསྡུ་བྱ་བ་སྤེལ་དགོས་པ་བཅས་རེད།

བཅོས་སྒྱུར་ཇུས་གཞིའི་ལས་འགན་གཙོ་བོ་ནི། ཁྲལ་བསྡུ་དོ་དམ་འགན་འཁྲི་གཏན་འཁེལ་གསལ་བོ་བྱེད་པ་དང་། ཁྲལ་བསྡུ་ཞབས་ཕྱིའི་ལམ་ལུགས་གསར་སྐྲུན་བྱེད་པ། ཁྲལ་བསྡུ་དོ་དམ་བྱེད་ཐབས་བསྒྱུར་བ། རྒྱལ་སྤྱིའི་མཉམ་ལས་ཁྲོད་ཧུར་ཐག་སྒོས་ཞུགས་པ། ཁྲལ་དོན་རྩ་འཛུགས་མ་ལག་ཇེ་ལེགས་སུ་གཏོང་བ། ཁྲལ་བསྡུ་མཉམ་བཅོས་ཀྱི་རྣམ་པ་ཆགས་པར་བྱེད་དགོས་པ་བཅས་རེད།

བཅོས་སྒྱུར་ཇུས་གཞི་ལས་ད་རུང་རྩ་འཛུགས་དང་ལག་བསྟར་བྱ་བར་བཀོད་སྒྲིག་ཞིབ་མོ་བྱས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀའོ་ཧྲིན་ཁུང་གིས་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ནང་སྲིད་པུའུ་ཡི་པུའུ་ཀྲང་ཐུའུ་ཨར་ཀན་པ་ཡེ་ཧྥུའུ་དང་གྲོས་མོལ་བྱས།

རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།