ཟླ12པའི་ཚེས20ཉིན་ནས་ཚེས21ཉིན་བར། ཀྲུང་དབྱང་གྲོང་ཁྱེར་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་།

ཟླ12པའི་ཚེས20ཉིན་ནས་ཚེས21ཉིན་བར། ཀྲུང་དབྱང་གྲོང་ཁྱེར་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚོགས་ཐོག་ནས་གསུང་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་གྲོང་ཁྱེར་བྱ་བའི་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་བཅས་གྲོས་ཚོགས་སུ་ཞུགས།

ཞི་ཅིན་ཕེན་གྱིས་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་ནས། གྲོང་ཁྱེར་འཕེལ་རྒྱས་ཐད་ཀྱི་གནས་བབ་ལ་དབྱེ་ཞིབ་མཛད་པ་དང་། གྲོང་ཁྱེར་བྱ་བ་བཟང་བོར་སྒྲུབ་པའི་མཛུབ་སྟོན་བསམ་བློ་དང་སྤྱིའི་བསམ་ཕྱོགས། ལས་འགན་གཙོ་བོ་བཅས་གཏན་ཁེལ་གསལ་བོ་བྱས། ལིས་ཁི་ཆང་གིས་གསུང་བཤད་གནང་སྐབས་དེང་སྐབས་ཀྱི་གྲོང་ཁྱེར་བྱ་བའི་གཙོ་གནད་རྒྱས་བཤད་མཛད་པ་དང་། གྲོང་ཁྱེར་བྱ་བ་བཟང་བོར་སྒྲུབ་པར་བཀོད་སྒྲིག་ཞིབ་མོ་གནང་བ་མ་ཟད། སྤྱི་སྡོམ་གསུང་བཤད་གནང་།

གྲོས་ཚོགས་ནས་བསྟན་དོན། རང་རྒྱལ་གྱི་གྲོང་ཁྱེར་འཕེལ་རྒྱས་དེ་འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་སླེབས་ཡོད། བཅོས་སྒྱུར་སྒོ་འབྱེད་ཀྱི་ཚུན་ལ། རང་རྒྱལ་འཛམ་གླིང་གི་ལོ་རྒྱུས་སྟེང་གཞི་ཁྱོན་ཆེས་ཆེ་བ་དང་མྱུར་ཚད་ཆེས་མགྱོགས་པའི་གྲོང་ཁྱེར་ཅན་གྱི་འཕེལ་རིམ་བརྒྱུད་པ་དང་། གྲོང་ཁྱེར་འཕེལ་རྒྱས་ལ་འཛམ་གླིང་ཡོངས་ཀྱིས་ཡིད་སྨོན་བྱེད་པའི་གྲུབ་འབྲས་ཐོབ་ཡོད། གྲོང་ཁྱེར་འཕེལ་རྒྱས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་ཧྲིལ་བོའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པ་དང་། གྲོང་ཁྱེར་འཛུགས་སྐྲུན་དེ་དེང་རབས་ཅན་འཛུགས་སྐྲུན་གྱི་སྒུལ་ཤུགས་གལ་ཆེན་དུ་གྱུར་ཡོད། གྲོང་ཁྱེར་ནི་རང་རྒྱལ་གྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས་སོགས་ཕྱོགས་ཀྱི་བྱ་འགུལ་གྱི་ལྟེ་གནས་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད་པས། ང་ཚོས་གྲོང་ཁྱེར་གྱིས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། དམངས་ཚིས་ལེགས་བཅོས་ཁྲོད་ཐོན་པའི་ནུས་པ་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་རང་རྒྱལ་གྱི་གྲོང་ཁྱེར་བྱ་བའི་མཛུབ་སྟོན་བསམ་བློ་ནི། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ་ཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང། ཏིན་ཞའོ་ཕེན་གྱི་རིགས་གཞུང་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་འཛིན་པ། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལག་ལེན་དུ་བསྟར་བ། མི་གཙོ་བོར་འཛིན་པ་དང་ཚན་རིག་འཕེལ་རྒྱས། བཅོས་སྒྱུར་གསར་གཏོད། ཁྲིམས་ལྟར་གྲོང་ཁྱེར་སྐྱོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། གྲོང་ཁྱེར་གྱི་འཕེལ་སྟངས་བསྒྱུར་བ་དང་། གྲོང་ཁྱེར་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་བཅོས་སྐྱོང་ནུས་པ་མཐོར་འདེགས་བྱེད་པ། གྲོང་ཁྱེར་གྱི་ནད་སོགས་འབུར་ཐོན་གནད་དོན་ཧུར་ཐག་གིས་ཐག་གཅོད་པ། གྲོང་ཁྱེར་གྱི་ཁོར་ཡུག་གི་སྤུས་ཚད་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད། གྲོང་ཁྱེར་གྱི་འགྲན་རྩོད་ནུས་ཤུགས་བཅས་རྒྱུན་ཆད་མེད་པར་མཐོར་འདེགས་བྱེད་པ་དང་། འཆམ་མཐུན་སྤྲོ་སྐྱིད་དང་གསོན་ཤུགས་འབར་བ། ཁྱད་ཆོས་ལྡན་པ་བཅས་ཀྱི་དེང་རབས་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་བྱས་ཏེ། རྣམ་པ་གསར་བའི་གྲོང་ཁྱེར་ཅན་གྱི་ཆུ་ཚད་ཇེ་མཐོར་བཏང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་གྲོང་ཁྱེར་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་ཏུ་བསྐྱོད་རྒྱུ་དེ་ཡིན།

གྲོས་ཚོགས་ནས་བསྟན་དོན། གྲོང་ཁྱེར་བྱ་བ་ནི་ཞིབ་ཚགས་ཀྱི་བཟོ་སྐྲུན་ཞིག་ཡིན། གྲོང་ཁྱེར་བྱ་བ་བཟང་བོར་སྒྲུབ་ན། གྲོང་ཁྱེར་བྱ་བའི་གནས་བབ་གསར་བ་དང་། བཅོས་སྒྱུར་འཕེལ་རྒྱས་ཀྱི་རེ་བ་གསར་བ། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་བ་བཅས་ལ་བསྟུན་ནས། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས་དང་། མི་དམངས་ཀྱི་གྲོང་ཁྱེར་དེ་མི་དམངས་ཀྱི་ཆེད་ཡིན་པ་རྒྱུན་འཁྱོངས་བྱེད་དགོས། འདི་ནི་ང་ཚོས་གྲོང་ཁྱེར་བྱ་བ་བཟང་བོར་སྒྲུབ་པའི་རྐང་འཛུགས་ས་དང་མཇུག་སྒྲིལ་ས་ཡིན། དེ་དང་མཉམ་དུ་ལེགས་བསྡུས་ཞིབ་གཉེར་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚད་གཏན་ཁེལ་དང་ཤོང་ཚད་ཚོད་འཛིན། ཉར་ཚད་མང་གཏོང་། འཕར་ཚད་ལེགས་སྒྱུར། སྤུས་ཚད་མཐོར་འདེགས་བཅས་བྱས་ཤིང་། རྒྱལ་ཁའི་གནས་ཚུལ་ལ་རྐང་བཙུགས་ཏེ། རང་བྱུང་ཁམས་ལ་བརྩི་བཀུར་བྱེད་པ་དང་རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་པ། གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པ། གཅིག་གྱུར་འཆར་འགོད་ཀྱི་ཐད་ནས་འབོད་བརྩོན་བྱེད་པ་དང་། གཙོ་གནད་ཀྱི་ཐད་ནས་བརྒལ་གཏོར་བྱས་ཏེ། གྲོང་ཁྱེར་འཕེལ་རྒྱས་ཀྱི་རྒྱུན་སྲིང་རང་བཞིན་དང་སྤྲོ་སྐྱིད་རང་བཞིན་ཧུར་ཐག་གིས་ཇེ་དྲག་ཏུ་གཏོང་དགོས། གཅིག གྲོང་ཁྱེར་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་བཀུར་བྱེད་དགོས། གཉིས། བར་སྟོང་དང་གཞི་ཁྱོན། ཐོན་ལས་བཅས་ཀྱི་གྲུབ་ཚུལ་ཆེན་པོ་གསུམ་པ་གཅིག་གྱུར་འཆར་འགོད་བྱེད་དགོས། གསུམ། འཆར་འགོད་དང་འཛུགས་སྐྲུན། དོ་དམ་བཅས་གོ་རིམ་ཆེན་པོ་གསུམ་ལ་གཅིག་གྱུར་འཆར་འགོད་བྱེད་དགོས། བཞི། བཅོས་སྒྱུར་དང་ཚན་རྩལ། རིག་གནས་བཅས་སྒུལ་ཤུགས་ཆེན་པོ་གསུམ་ལ་གཅིག་གྱུར་འཆར་འགོད་བྱེད་དགོས། ལྔ། ཐོན་སྐྱེད་དང་འཚོ་བ། སྐྱེ་ཁམས་བཅས་བཀོད་པ་ཆེན་པོ་གསུམ་ལ་གཅིག་གྱུར་འཆར་འགོད་བྱེད་དགོས། དྲུག སྲིད་གཞུང་དང་སྤྱི་ཚོགས། སྡོད་དམངས་བཅས་གཙོ་ཤུགས་ཆེན་པོ་གསུམ་ལ་གཅིག་གྱུར་འཆར་འགོད་བྱེད་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། གྲོང་ཁྱེར་བྱ་བ་བཟང་བོར་བསྒྲུབ་ན་ངེས་པར་དུ་ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས་པས། རིམ་པ་སོ་སོའི་ཏང་ཨུས་གྲོང་ཁྱེར་བྱ་བའི་གོ་གནས་དང་ནུས་པ་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། མགོ་ཁྲིད་གཙོ་བོས་ཆེད་དུ་འཛིན་པ་དང་། ཏང་ཨུའི་གཅིག་གྱུར་གྱིས་མགོ་ཁྲིད་པ་དང་ཏང་སྲིད་ཀྱིས་མཉམ་འཛིན་མཉམ་བདག་གི་བྱ་བའི་རྣམ་པ་འཐུས་ཚང་དུ་གཏོང་དགོས།

གྲོས་ཚོགས་ནས་གྲོང་ཁྱེར་བྱ་བའི་ལས་འགན་ཧ་ཅང་ལྕི་བ་དང་མདུན་ལམ་འོད་སྟོང་ལྡན་པས། ང་ཚོས་གསར་སྤེལ་གསར་གཏོད་དང་བྱ་བ་ནན་སྒྲུབ་ཀྱིས་གྲོང་ཁྱེར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་གཏོད་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་དགོས་པའི་འབོད་སྐུལ་བཏང་།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀའོ་ཧྲིན་ཁུང་གིས་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ནང་སྲིད་པུའུ་ཡི་པུའུ་ཀྲང་ཐུའུ་ཨར་ཀན་པ་ཡེ་ཧྥུའུ་དང་གྲོས་མོལ་བྱས།

རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།