རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་བཅུ་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཨུ་རུ་སིའི་ཙུང་ལི་མའེ་ཏི་ཝེ་ཅེ་ཧྥུའུ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲང་ཏི་ཅང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨུ་རུ་སིའི་མགོ་གཙོས་ད་ལོར་གྲོས་མོལ་ཐེངས་མང་བོ་བྱས་ནས། གནས་བབ་གསར་བའི་འོག་ཏུ་ཕྱོགས་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ཁ་ཕྱོགས་དང་དམིགས་འབེན་གཏན་ལ་ཕབ་ཅིང་། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བ་ཁྱོན་ཡོངས་ནས་ཆུ་ཚད་མཐོན་པོ་ཞིག་ཏུ་སླེབ་པའི་ཐད་ལ་སྣེ་ཁྲིད་པ་རེད། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་དང་མཉམ་ལས་བྱེད་པ་དེ་ནི་ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་ཕྱི་ཕྱོགས་བྱ་བའི་གནད་ས་ཡིན་པས། ད་ལོར་ཕྱོགས་གཉིས་བར་ཀྲུང་གོ་དང་ཨུ་རུ་སི་གྲོས་ཁང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལམ་ལུགས་བཙུགས་པ་མ་ཟད། གྲུབ་འབྲས་ལྡན་པའི་སྒོ་ནས་གྲོས་ཚོགས་ཐེངས་ཤིག་བསྡུས། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བཀོད་པའི་ཐུན་མོང་གི་ལྟ་བ་དངོས་འབེབས་བཟང་བོ་བྱས་ནས། ཕན་ཚུན་བར་གྱི་ཆབ་སྲིད་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཁྲིམས་འཛུགས་བརྗེ་རེས་དང་ཕན་ཚུན་བར་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་སྣོན་པ། ས་གནས་དང་མི་གཞུང་སོགས་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བྱེད་པ་དང་། དར་གོས་ཚོང་ལམ་གྱི་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་དང་ཡོ་རོབ་གླིང་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་འཛུགས་སྐྲུན་བྱེད་པའི་འབྲེལ་མཐུད་བྱ་བར་ཡར་སྐུལ་བྱས་ནས། ཀྲུང་གོ་དང་ཨུ་རུ་སིའི་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་འབྲེལ་བར་ཡར་སྐུལ་བྱེད་པར་བྱས་རྗེས་འཇོག་འདོད་ཡོད་ཟེར།

མའེ་ཏི་ཝེ་ཅེ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སི་དང་ཀྲུང་གོའི་གྲོས་ཁང་གིས་འཛམ་གླིང་དང་ས་ཁུལ་གནད་དོན་ཐད་ཀྱི་གཞོགས་འདེགས་ལ་ཤུགས་བསྣན་ནས། ཨུ་རུ་སི་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་དང་། སྲིད་ཏང་། ས་གནས་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཡར་སྐུལ་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།