ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་མགོ་འཛིན་མཛད་དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་ཚོགས་འདུ་ཐེངས་ཞེ་བཞི་བ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་ཚོགས་འདུ་ཐེངས་ཞེ་བཞི་བ་བསྡུས་ནས། “ཁྱིམ་ཚང་གི་ཞབས་ཞུ་བྱེད་སྒོ་འཕེལ་རྒྱས་དང་ཡར་སྐུལ་བྱེད་པར”དམིགས་ནས་གྲོས་མོལ་གྲོས་བསྡུར་དང་། བློ་འདོན་ཇུས་འབུལ་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པ་མ་ཟད་གསུང་བཤད་གནང་།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲིན་ཡན་དང་། དབྱང་ཀྲི་མེན། ཞེ་རུའུ། ཏིན་ཞོ་ཧོང་། ཀྲང་ཧྲི་ཀྲིན་སོགས་ཆེད་མཁས་པ་དང་ཡོན་ཏན་པ་རྣམས་ཀྱིས་ཚོགས་ཐོག་ནས་གཏམ་བཤད།

ཨུ་ཡོན་རྣམས་ཀྱིས་བལྟས་ན། ཁྱིམ་ཚང་གི་ཞབས་ཞུ་བྱེད་སྒོ་དེ་མི་དམངས་མང་ཚོགས་ཀྱི་འཚོ་བར་འབྲེལ་བ་ཆེན་པོ་ཡོད་པ་མ་ཟད། ལོ་ལོན་དང་། བྱིས་པ། བཟའ་ཟླ་གཉིས་ཀ་ལས་བྱེད་པ་ཡིན་པའི་ཁྱིམ་ཚང་། དབང་བོ་སྐྱོན་ཅན་ཁྱིམ་ཚང་སོགས་ཀྱི་འཚོ་བའི་རྒྱུ་སྤུས་གནད་དོན་དང་འབྲེལ་བ་ཆེན་པོ་ཡོད་པ་དང་། ལས་ཞུགས་ཇེ་མང་དུ་གཏོང་བ་དང་། དམངས་ཚིས་ཇེ་བཟང་དུ་གཏོང་བ། ནང་མཁོ་རྒྱ་བསྐྱེད་པ། ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་ནུས་པ་གལ་ཆེན་ལྡན་པས། ཚང་མས་མཐོང་ཆེན་བྱེད་འོས་པའི་དོན་དག་ཅིག་རེད། ཉིས་སྟོང་བཅུ་ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«ཁྱིམ་ཚང་གི་ཞབས་ཞུ་བྱེད་སྒོའི་སྐོར་གྱི་མཛུབ་སྟོན་བསམ་འཆར»པར་ནས་བཀྲམ་པ་དང་། ཁྱིམ་ཚང་གི་ཞབས་ཞུ་དང་། རྒན་གསོ་ཞབས་ཞུ། སྡོད་ཁུལ་ཞབས་ཞུ། ནད་པ་གཉོར་སྐྱོང་ཞབས་ཞུ་བཅས་ལས་རིགས་བཞི་གནད་སར་བརྩིས་ནས། འཕེལ་རྒྱས་ཀྱི་དམིགས་འབེན་དང་སྲིད་ཇུས་ཀྱི་བྱེད་ཐབས་གསལ་བོར་བསྟན། རང་རྒྱལ་སྡོད་དམངས་ཀྱི་ཡོང་སྒོ་ཇེ་མཐོར་སོང་བ་དང་། མི་གྲངས་ལོ་ལོན་ཅན་དུ་གྱུར་བ། དེ་མིན་ཞིང་སྡེའི་ངལ་རྩོལ་པ་ཡུལ་གཞན་དུ་ལས་ཀར་ཞུགས་པ་སོགས་རྒྱུ་རྐྱེན་དང་འགྱུར་ལྡོག་མང་བོར་བསྟུན་ནས། ཁྱིམ་ཚང་གི་ཞབས་ཞུ་ལས་རིགས་འཕེལ་རྒྱས་སུ་སོང་བ་མགྱོགས། ཡིན་ནའང་ད་ལྟ་ད་རུང་མི་འདང་ས་དང་། རྒྱབ་སྐྱོར་བྱེད་ཤུགས་མི་འདང་བ། ཞབས་ཞུའི་ཚད་གཞི་ཅན་དང་། ཞབས་ཞུའི་ནུས་ཤུགས། ལས་རིགས་ཅན། ཁྱིམ་ཚང་གི་ཞབས་ཞུ་ཁེ་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་རྙོག་འཛིང་ཆེ་བ་སོགས་ཀྱི་གནད་དོན་གནས་ཡོད་པར་སྙམ།

ཨུ་ཡོན་ཁ་ཤས་ཀྱིས“ཁྱིམ་ཚང་གི་ཞབས་ཞུ་བྱེད་སྒོ་འཕེལ་རྒྱས་དང་ཡར་སྐུལ་བྱེད་པར”དམིགས་ནས་བསམ་འཆར་འགའ་བཏོན།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།