ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་དྲུག་ཉིན་ཀྲེ་ཅང་ཝུའུ་ཀྲིན་གྲོང་རྡལ་ནས“མཉམ་འབྲེལ་དྲ་རྒྱའི་འོད་སྣང”ཞེས་པའི་འགྲེམ་སྟོན་ཚོགས་འདུའི་བྱ་བར་རྟོག་ཞིབ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་དྲུག་ཉིན་ཀྲེ་ཅང་ཝུའུ་ཀྲིན་གྲོང་རྡལ་ནས“མཉམ་འབྲེལ་དྲ་རྒྱའི་འོད་སྣང”ཞེས་པའི་འགྲེམ་སྟོན་ཚོགས་འདུའི་བྱ་བར་རྟོག་ཞིབ་མཛད། ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། མཉམ་འབྲེལ་དྲ་རྒྱས་མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བར་འགྱུར་ལྡོག་ཆེན་པོ་ཐེབས་སུ་བཅུག་པ་དང་། ཁྱབ་ཁོངས་མང་བོ་ཞིག་གི་གསར་གཏོད་འཕེལ་རྒྱས་ལ་སྐུལ་ཁྲིད་ཀྱི་ནུས་པ་ཆེན་པོ་ཐོན། ང་ཚོས་མཉམ་འབྲེལ་དྲ་རྒྱས་སྟབས་བདེ་ཆེན་པོ་བཟོས་པའི་གོ་སྐབས་གལ་ཆེན་བཀོལ་སྤྱོད་བཟང་བོ་བྱས་ནས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་ནན་མོ་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་རྟོག་ཞིབ་ལ་ཞུགས།

ཞི་ཅིན་ཕེན་གྱིས་བསྟན་དོན། མཉམ་འབྲེལ་དྲ་རྒྱ་ནི་དུས་རབས་ཉི་ཤུ་བའི་ཆེས་རླབས་ཆེ་བའི་གསར་གཏོད་ནང་གི་གཅིག་ཡིན་པས། མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བར་འགྱུར་ལྡོག་ཆེན་པོ་ཐེབས་སུ་བཅུག་པ་དང་། ཁྱབ་ཁོངས་མང་བོའི་གསར་གཏོད་འཕེལ་རྒྱས་ལ་སྐུལ་ཁྲིད་ཀྱི་ནུས་པ་ཆེན་པོ་ཐོན། མཉམ་འབྲེལ་དྲ་རྒྱ་འཕེལ་རྒྱས་སུ་གཏོང་བ་དེས་ལས་རིགས་སོ་སོར་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་སྐྲུན་བཞིན་ཡོད་ལ། ཁེ་ལས་ཀྱིས་མཉམ་འབྲེལ་དྲ་རྒྱའི་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བའི་བརྩོན་སེམས་བསྐྱེད་དགོས་ན། ཁེ་ལས་ཀྱིས་ལག་རྩལ་གསརགཏོད་དང་། ཞབས་ཞུ་གསར་གཏོད། ཚོང་ལས་ཀྱི་རྣམ་པ་གསར་གཏོད་བྱེད་པར་རྒྱབ་སྐྱོར་དང་སྐུལ་ལྕག་བཏང་ནས། ལས་སྐྲུན་འཚོལ་ཞིབ་བྱ་བ་སྤེལ་དགོས། ཁེ་ལས་ཀྱིས་སྔར་ལས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་ལ་ཞབས་འདེགས་ཞུ་བར་སྐུལ་ལྕག་གཏོང་དགོས། མཉམ་འབྲེལ་དྲ་རྒྱས་ང་ཚོར་སྐྲུན་པའི་གོ་སྐབས་གལ་ཆེན་བཀོལ་སྤྱོད་བཟང་བོ་བྱས་ཏེ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་ནན་མོ་བྱེད་དགོས་ཟེར།

“མཉམ་འབྲེལ་དྲ་རྒྱའི་འོད་སྣང”ཞེས་པའི་འགྲེམ་སྟོན་ཚོགས་འདུར་ཨེ་ཤ་ཡ་ས་ཁུལ་དང་། ཨ་མེ་རི་ཁ། ཡོ་རོབ་གླིང་། ལ་ཏེན་མེ་གླིང་སོགས་འཛམ་གླིང་གི་ས་གནས་སོ་སོ་ནས་ཡོང་བའི་ཁེ་ལས་ཕལ་ཆེར་ཉིས་བརྒྱ་དང་དྲུག་ཅུ་ལྷག་ཞུགས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།