རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོར་དངོས་གཞིའི་འཚམས་འདྲི་བྱེད་པ་མ་ཟད་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཙུང་ལིའི་གྲོས་ཚོགས་ཐེངས་བཅུ་བཞི་བར་ཞུགས་པར་ཡོང་བའི་ཅིར་ཅི་སི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་ས་ལེ་ཡའེ་ཧྥུའུ་དང་གྲོས་མོལ་མཛད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོར་དངོས་གཞིའི་འཚམས་འདྲི་བྱེད་པ་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཙུང་ལིའི་གྲོས་ཚོགས་ཐེངས་བཅུ་བཞི་བར་ཞུགས་པར་ཡོང་བའི་ཅིར་ཅི་སི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་ས་ལེ་ཡའེ་ཧྥུའུ་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གཉིས་ནི་རི་ཆུ་འདྲེས་པའི་མཛའ་མཐུན་ཁྱིམ་མཚེས་ཡིན་ཞིང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་འགྲོ་འོང་གི་ལོ་རྒྱུས་ཧ་ཅང་རིང་། ཀྲུང་གོ་ཕྱོགས་ཀྱིས་ནམ་ཡིན་ཡང་འཐབ་ཇུས་ཀྱི་མཐོ་ཚད་ནས་ཀྲུང་གོ་དང་ཅིར་ཅི་སི་སི་ཐན་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བཞིན་པ་དང་། ཅིར་ཅི་སི་སི་ཐན་སྤྱི་མཐུན་རྒྱལ་ཁབ་རང་བཙན་དང་། རང་བདག ས་ཁོངས་ཆ་ཚང་ཡོང་བར་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། མི་དམངས་ཀྱི་རང་བདག་འདེམ་བསྐོའི་འཕེལ་རྒྱས་བགྲོད་ལམ་ལ་བརྩི་སྲུང་བྱས་ནས། ཅིར་ཅི་སི་སི་ཐན་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཀྱི་ཡིད་ཆེས་བྱེད་ཚད་ཇེ་བརྟན་དུ་གཏོང་བ་དང་། དངོས་གཉེར་མཉམ་ལས་བྱ་བ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་གསར་བ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། དེང་སྐབས་རྒྱལ་སྤྱི་དང་ས་ཁུལ་གྱི་བདེ་འཇགས་གནས་བབ་རྙོག་འཛིང་ཆེ་བའི་རྒྱབ་ལྗོངས་འོག ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གཉིས་ཀྱིས་ཁྲིམས་སྐྱོང་བདེ་འཇགས་མཉམ་ལས་ལ་ཤུགས་བསྣན་ནས། མཉམ་དུ་འཇིགས་སྐུལ་རིང་ལུགས་ཀྱིས་འཇིགས་སྐུལ་ལ་ཁ་གཏད་འཇལ་དགོས་པ་དང་། རྒྱལ་ཁོངས་བརྒལ་བའི་རྩ་འཛུགས་ཡོད་པའི་ནག་ཉེས་ལ་རྡུང་རྡེག་བྱེད་པ། མཉམ་དུ་རང་ས་ཁུལ་ཞི་བདེ་དང་བདེ་འཇགས་ཡོང་བར་སྲུང་སྐྱོབ་བྱས་ནས། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་ཁོར་ཡུག་ཅུང་བཟང་བོ་ཞིག་སྐྲུན་དགོས་ཟེར།

ས་ལེ་ཡའེ་ཧྥུའུ་ཡིས་ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཙུང་ལིའི་གྲོས་ཚོགས་ཐེངས་བཅུ་བཞི་བ་བདེ་བླག་ངང་བསྡུས་པར་རྟེན་འབྲེལ་ཞུས། ཁོས་བསྟན་དོན། ཅིར་ཅི་སི་སི་ཐན་དང་ཀྲུང་གོ་གཉིས་བར་སྲོལ་རྒྱུན་གྱི་མཛའ་བཤེས་ཟབ་མོ་ལྡན་པ་དང་། མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན། ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཅིར་ཅི་སི་སི་ཐན་སྲིད་གཞུང་གི་ཕྱི་འབྲེལ་དམིགས་བསལ་སྲིད་ཇུས་ཡིན་ལ། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ཅིར་ཅི་སི་སི་ཐན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་དང་ནུས་ཁུངས། སྤྱི་ཚོགས་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ནས་དངུལ་གཏོང་མཉམ་ལས་སྤེལ་བར་བཀའ་དྲིན་ཞུས་པ་དང་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད། ཀྲུང་གོ་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་བྱས་ནས། ཐོན་ནུས་མཉམ་ལས་བྱ་བ་སྤེལ་བ་དང་། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་ལས་གཞི་མཉམ་ལས་ཆེན་མོར་སྐུལ་འདེད་གཏོང་བ་དང་།གང་མགྱོགས་སྒོས་ཀྲུང་གོ་དང་ཅིར་ཅི་སི་སི་ཐན་བར་གྱི་ལྕགས་ལམ་ལས་གཞི་དངོས་འབེབས་བྱེད་པ་དང་། ཕྱོགས་གཉིས་ཀྱི་ཉོ་ཚོང་རྒྱ་བསྐྱེད་པ། འཇིགས་སྐུལ་བདེ་འཇགས་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་གོང་འཕེལ་དུ་གཏོང་འདོད་ཡོད་ཟེར།

གྲོས་མོལ་མ་བྱས་སྔོན་ལ། ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མའི་ནང་དུ་ས་ལིས་ཡའེ་ཧྥུའུ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲིན་ཞའོ་ཀོང་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས།

གྲོས་མོལ་མཛད་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་རྣམ་གཉིས་ཀྱིས་མཉམ་དུ་ཀྲུང་གོ་དང་ཅིར་ཅི་སི་སི་ཐན་སྲིད་གཞུང་གི་མཉམ་འབྲེལ་སྤྱི་སྒྲོག་ལ་མིང་བཀོད་དེ། དངུལ་ལོར་དང་། རིག་གནས། ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་བོའི་སྟེང་མིང་བཀོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།