
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར་ཀྲིན་ཀྲིག་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ནས་མགོ་འཛིན་མཛད་དེ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཙུང་ལིའི་གྲོས་ཚོགས་ཐེངས་བཅུ་བཞི་བ་བསྡུས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར་ཀྲིན་ཀྲིག་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ནས་མགོ་འཛིན་མཛད་དེ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཙུང་ལིའི་གྲོས་ཚོགས་ཐེངས་བཅུ་བཞི་བ་བསྡུས་པ་དང་། གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་པ་རྣམས་ཀྱིས་གནས་བབ་གསར་བའི་འོག་ཏུ་ཕྱི་ཕྱོགས་ཀྱི་ཉེན་ཁའི་འགྲན་རྩོད་ལ་ཁ་གཏད་འཇལ་བ་དང་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་བའི་བསམ་ཕྱོགས་གསར་བ་དང་བྱེད་ཐབས་གསར་བར་དབྱེ་ཞིབ་དང་གྲོས་བསྡུར་བྱས། ཨུ་རུ་སིའི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུའུ་དང་ཧ་སག་སི་ཐན་གྱི་ཙུང་ལི་མ་ཞི་མའོ་ཧྥུའུ་སོགས་གྲོས་ཚོགས་ལ་ཞུགས།
ལིས་ཁི་ཆང་གིས་གསུངས་རྒྱུར། ཧྲང་ཧེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་བཅུ་བཞིའི་རིང་ལ་རྒྱུན་ལྡན་མ་ཡིན་པའི་ལོ་རྒྱུས་འཕེལ་རིམ་བརྒྱུད་མྱོང་བ་དང་དུས་དང་རྣམ་པ་ཀུན་ཏུ་འདྲ་མཉམ་ཡིད་ཆེས་དང་མཉམ་ལས་མཉམ་རྒྱལ་དམིགས་འབེན་དུ་བཟུང་སྟེ་ཁོངས་གཏོགས་རྒྱལ་ཁབ་ལ་བདེ་སྐྱིད་སྐྲུན་པར་སྐུལ་འདེད་གཏོང་བ་དང་ས་གནས་ཀྱི་བརྟན་འཇགས་སྲུང་སྐྱོབ་བྱེད་པའི་ཐད་ལ་བྱས་རྗེས་གལ་ཆེན་བཞག ད་ལོའི་བདུན་པར་ཀྲུའུ་ཞི་ཞི་ཅིན་ཕེན་བུའུ་ཁི་ལན་དང་ཧྥ་རན་སིའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་ཏེ། རྒྱལ་ཁབ་སོ་སོའི་མགོ་ཁྲིད་པ་དང་མཉམ་དུ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཉིས་སྟོང་ཉེར་ལྔ་ལོའི་འཕེལ་རྒྱས་འཐབ་ཇུས་ལ་གྲོས་འཆམ་བྱུང་བ་དང་དུས་ཡུན་རིང་འབྲིང་གི་མཉམ་ལས་ལམ་ཕྱོགསལ་འཆར་འགོད་བྱས་ཟེར།
ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་དར་གོས་ཚོང་ལམ་གྱི་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་དེ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་འཐབ་ཇུས་དང་ཡོ་རོབ་གླིང་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་སོགས་ནང་རྐྱེན་དང་འབྲེལ་མཐུད་བྱས་ཏེ་ས་གནས་ཀྱི་སྒོ་འབྱེད་དང་བཟོད་སྒོམ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད། བདེ་འཇགས་དང་དཔལ་འབྱོར། མི་གཞུང་བཅས་སྲོལ་རྒྱུན་མངའ་ཁོངས་ཆེན་པོ་གསུམ་ལ་ཡིད་འཇོག་བྱེད་པའི་རྨང་གཞིའི་སྟེང་རྩ་འཛུགས་རང་གི་མཉམ་ལས་སྟེགས་བུ་ཆེན་པོ་དྲུག་གཙོར་བཟུང་ནས་ཕྱོགས་སོ་སོའི་མཛའ་མཐུན་མཉམ་ལས་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་པས་བཤད་རྒྱུར། དེང་སྐབས་འཛམ་གླིང་ཡོངས་ཀྱི་ཆབ་སྲིད་དཔལ་འབྱོར་གྱི་འགྲན་རྩོད་གསར་བར་དམིགས་ཏེ། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་ས་གནས་ཀྱི་བརྟན་འཇགས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཟེར། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།
པར་རིས་གསར་འགྱུར།
ཆབ་མདོ་གྲོང་ཁྱེར་གྱི་སློབ་གསོའི་བྱ་གཞག་ལ་འཕོ་འགྱུར་ཆེན་པོ་བྱུང་བ།
སྨན་གླིང་རྫོང་གིས་སྨན་རྩྭ་འདེབས་འཛུགས་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་ཡོང་བ་བྱས་པ།
ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གིས་ཡོང་སྒོ་བསྐྲུན་པའི་སྟེགས་བུ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱས།
གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ཀུན་སྤྱོད་འཛུགས་སྐྲུན་བྱ་བར་ཤུགས་བསྣན་པ།
བོད་ཁུལ་གསར་འགྱུར།
- ཆབ་མདོ་གྲོང་ཁྱེར་གྱི་སློབ་གསོའི་བྱ་གཞག་ལ་འཕོ་འགྱུར་ཆེན་པོ་བྱུང་བ།
- སྨན་གླིང་རྫོང་གིས་སྨན་རྩྭ་འདེབས་འཛུགས་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་ཡོང་བ་བྱས་པ།
- གཞིས་རྩེ་གྲོང་ཁྱེར་ཕྱུགས་རིགས་རྒྱུད་སྤེལ་ས་ཚིགས་ཀྱིས“བཞོན་མ་འཕྲལ་སྡོམ་ལྟེ་གནས”ཀྱི་མིང་ཤོག་བཏོད་པ།
- དཔལ་མགོན་རྫོང་དུ་འདམ་རའི་སྤྱི་གླིང་སྲུང་སྐྱོང་ཁུལ་བསྐྲུན་རྒྱུ་ཡིན་པ།
- བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ།
- རང་ལྗོངས་སུ《ཏང་འཛུགས་སྐྱོང》དུས་དེབ་ཁང་གི་མང་ཚོགས་ལས་དོན་འབྲེག་གཏུག་བྱ་ཡུལ་ཐོག་མ་དེ་སྒོ་ཕྱེ་བ།
- བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གི་རང་སྲོག་བློས་གཏོང་མཁན་འཐབ་འཛིང་པ་གཉིས་ལ་སྔོན་གཤེགས་དཔའ་བོའི་མཚན་སྙན་ཐོབ་པ།
- མངའ་རིས་ས་ཁུལ་གྱིས་རིག་གནས་ཐོན་ལས་འཕེལ་རྒྱས་བྱ་བར་རྒྱབ་སྐྱོར་བྱས།
- ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གིས་ཡོང་སྒོ་བསྐྲུན་པའི་སྟེགས་བུ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱས།