
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་ཧི་ནན་ཞིང་ཆེན་ཀྲིན་ཀྲིག་གྲོང་ཁྱེར་ནས་གསོལ་སྟོན་བཤམས་ནས། ཀྲུང་གོར་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཙུང་ལིའི་གྲོས་ཚོགས་ཐེངས་བཅུ་བཞི་བར་ཞུགས་པའི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པར་དགའ་བསུ་ཞུས།

ཨུ་རུ་སི་དང་། ཧ་སག་སི་ཐན། ཅི་ཨར་ཅི་སི་སི་ཐན། ཐ་ཅི་ཁི་སི་ཐན། ཝུའུ་ཙི་པའེ་ཁི་སི་ཐན་དང་དེ་མིན་ཕ་ཁི་སི་ཐན། ཨ་ཧྥུའུ་ཧན། མོང་གོལ་སོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞུགས་པ་མ་ཟད། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་མཉམ་ལས་གྲུབ་འབྲས་འགྲེམ་སྟོན་ལ་བལྟས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་ཧི་ནན་ཞིང་ཆེན་ཀྲིན་ཀྲིག་གྲོང་ཁྱེར་ནས་གསོལ་སྟོན་བཤམས་ཏེ། ཀྲུང་གོར་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཙུང་ལིའི་གྲོས་ཚོགས་ཐེངས་བཅུ་བཞི་བར་ཞུགས་པའི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པར་དགའ་བསུ་ཞུས། ཨུ་རུ་སི་དང་། ཧ་སག་སི་ཐན། ཅི་ཨར་ཅི་སི་སི་ཐན། ཐ་ཅི་ཁི་སི་ཐན། ཝུའུ་ཙི་པའེ་ཁི་སི་ཐན་དང་དེ་མིན་ཕ་ཁི་སི་ཐན། ཨ་ཧྥུའུ་ཧན། མོང་གོལ་སོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་གསོལ་སྟོན ་ལ་ཞུགས་པ་མ་ཟད། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་མི་རྒྱལ་ཁབ་ཀྱི་མཉམ་ལས་གྲུབ་འབྲས་འགྲེམ་སྟོན་ལ་བལྟས།
ལིས་ཁི་ཆང་གིས་བསྟན་དོན། འདས་པའི་ལོ་ངོ་བཅུ་བཞིའི་རིང་ལ། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱིས་ནན་ཡིན་ཡང་ཕན་ཚུན་ཡིད་ཆེས་དང་། ཕན་ཚུན་རོགས་རེས། ཕན་ཚུན་འདྲ་མཉམ། ཕན་ཚུན་གྲོས་མོལ། སྣ་མང་དཔལ་ཡོན་ལ་བརྩི་སྲུང་། འཕེལ་རྒྱས་ལ་མཉམ་དུ་འཆར་གཞི་འཐེན་པའི་ཧྲང་ཧེ་སྙིང་སྟོབས་ཤིག་ཆགས་པར་རྒྱུན་འཁྱོངས་བྱེད་བཞིན་ཡོད་ལ། ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་ཧུར་ཐག་གིས་ཞུགས་ནས། མཉམ་དུ་རང་ས་ཁུལ་དང་འཛམ་གླིང་བརྟན་འཇགས་དང་ཞི་བདེ། དར་རྒྱས་གོང་འཕེལ་དུ་གཏོང་བར་ཡར་སྐུལ་བྱས་ཟེར།
ལིས་ཁི་ཆང་གིས་གསུངས་རྒྱུར། རེབ་འདིའི་གྲོས་ཚོགས་ཧི་ནན་ཞིང་ཆེན་ནས་བསྒྲུབས་ཤིང་། ཧི་ནན་ཞིང་ཆེན་ནི་ཀྲུང་གོའི་དཀྱིལ་དབུས་སུ་གནས་པ་དང་། ཧི་ནན་ནི་ཀྲུང་ཧྭ་མི་རིགས་དར་འཕེལ་འབྱུང་ས་དང་ལོ་ངོ་སྟོང་ལྔ་ལྷག་གི་ལོ་རྒྱུས་ལྡན་ས་ཡིན་ལ། ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་དང་བཅོས་སྒྱུར་སྒོ་འབྱེད་བྱེད་སའི་གོ་གནས་གལ་ཆེན་ལྡན། ཧི་ནན་གྱིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་ལྟ་ཞིབ་པའི་རྒྱལ་ཁབ་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་འགྲོ་འོང་མི་གཞུང་བརྗེ་རེས་བྱ་བ་སྤེལ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་མཉམ་ལས་དང་བརྗེ་རེས་བྱ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་ནས། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་དང་། ལྟ་ཞིབ་པའི་རྒྱལ་ཁབ་སོགས་དང་། ཕྱོགས་སོ་སོ་དང་མཉམ་དུ་གཉིས་ཕན་མཉམ་ལས་བྱེད་པར་གོ་སྐབས་སྔར་ལས་མང་བོ་གསར་སྐྲུན་བྱས་ནས། ས་ཁུལ་དང་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།
པར་རིས་གསར་འགྱུར།
ཆབ་མདོ་གྲོང་ཁྱེར་གྱི་སློབ་གསོའི་བྱ་གཞག་ལ་འཕོ་འགྱུར་ཆེན་པོ་བྱུང་བ།
སྨན་གླིང་རྫོང་གིས་སྨན་རྩྭ་འདེབས་འཛུགས་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་ཡོང་བ་བྱས་པ།
ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གིས་ཡོང་སྒོ་བསྐྲུན་པའི་སྟེགས་བུ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱས།
གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ཀུན་སྤྱོད་འཛུགས་སྐྲུན་བྱ་བར་ཤུགས་བསྣན་པ།
བོད་ཁུལ་གསར་འགྱུར།
- ཆབ་མདོ་གྲོང་ཁྱེར་གྱི་སློབ་གསོའི་བྱ་གཞག་ལ་འཕོ་འགྱུར་ཆེན་པོ་བྱུང་བ།
- སྨན་གླིང་རྫོང་གིས་སྨན་རྩྭ་འདེབས་འཛུགས་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་ཡོང་བ་བྱས་པ།
- གཞིས་རྩེ་གྲོང་ཁྱེར་ཕྱུགས་རིགས་རྒྱུད་སྤེལ་ས་ཚིགས་ཀྱིས“བཞོན་མ་འཕྲལ་སྡོམ་ལྟེ་གནས”ཀྱི་མིང་ཤོག་བཏོད་པ།
- དཔལ་མགོན་རྫོང་དུ་འདམ་རའི་སྤྱི་གླིང་སྲུང་སྐྱོང་ཁུལ་བསྐྲུན་རྒྱུ་ཡིན་པ།
- བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ།
- རང་ལྗོངས་སུ《ཏང་འཛུགས་སྐྱོང》དུས་དེབ་ཁང་གི་མང་ཚོགས་ལས་དོན་འབྲེག་གཏུག་བྱ་ཡུལ་ཐོག་མ་དེ་སྒོ་ཕྱེ་བ།
- བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གི་རང་སྲོག་བློས་གཏོང་མཁན་འཐབ་འཛིང་པ་གཉིས་ལ་སྔོན་གཤེགས་དཔའ་བོའི་མཚན་སྙན་ཐོབ་པ།
- མངའ་རིས་ས་ཁུལ་གྱིས་རིག་གནས་ཐོན་ལས་འཕེལ་རྒྱས་བྱ་བར་རྒྱབ་སྐྱོར་བྱས།
- ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གིས་ཡོང་སྒོ་བསྐྲུན་པའི་སྟེགས་བུ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱས།