རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་བཅོ་ལྔ་ཉིན་ཀྲིན་ཀྲིག་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ནས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཙུང་ལིའི་གྲོས་ཚོགས་ཐེངས་བཅུ་བཞི་བར་ཞུགས་པའི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པ་དང་མཉམ་དུ་མཉམ་འབྲེལ་གསར་འགོད་པའི་གྲོས་ཚོགས་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལིས་ཁི་ཆང་གིས་གསུངས་རྒྱུར། ཐེངས་འདིའི་གྲོས་ཚོགས་ཀྱིས་ནང་དོན་ཕུན་སུམ་ཚོགས་པ་དང་དངོས་གཉེར་གྱི་གྲུབ་འབྲས་བཟང་བོ་བླངས། ཕྱོགས་སོ་སོས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་སྤྱི་ཁོག་ནང་དུ་མཉམ་ལས་ཐད་ནས་ཐུན་མོང་གི་ལྟ་ཚུལ་གང་མང་འབྱུང་བར་སྐུལ་འདེད་གཏོང་བ་དང་། སྒོ་འབྱེད་མངོན་གསལ་དང་འདྲ་མཉམ་བཟོད་སྒོམ་གྱི་འདུ་ཤེས་བཅངས་ཏེ་བདེ་འཇགས་དང་ཐོན་ནུས། དྲ་འབྲེལ། དངུལ་ལོར། ཁུལ་ཁོངས་ཉོ་ཚོང་། སྤྱི་ཚོགས་དམངས་ཚིས་སོགས་མངའ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་གྲོས་ཐག་གཅོད་ངེས་ཡིན་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ང་ཚོས་རང་འགུལ་དང་སྒོ་འབྱེད་ཀྱི་རྩ་དོན་ལྟར། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་སྤྱི་ཁོག་ནང་དུ་མུ་མཐུད་ནས་གཉིས་ཕན་མཉམ་རྒྱལ་གྱི་རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་ཁྱབ་གདལ་དུ་གཏོང་བ་དང་། མ་དངུལ་དང་ལག་རྩལ། ཐོན་ཁུངས་བཅས་ཀྱི་ལེགས་སྒྱུར་བཀོད་སྒྲིག་མངོན་འགྱུར་བྱེད་པ། མཁོ་འདོན་དང་དགོས་མཁོ་ལ་འབྲེལ་མཐུད་བཟང་བོ་བྱེད་པ་དང་ཐོན་ལས་ཀྱི་རིམ་པ་འཕར་བར་སྐུལ་འདེད་གཏོང་བ། ས་གནས་རང་གི་བཟོ་ལས་ཅན་དང་དེང་རབས་ཅན་གྱི་འཕེལ་རིམ་སྐུལ་འདེད་གཏོང་བར་མ་ཟད། རྒྱལ་སྤྱིའི་འགྲན་རྩོད་ནུས་ཤུགས་ལྡན་པའི་ཐོན་ལས་མཉམ་ལས་གསར་སྐྲུན་བྱེད་པ་དང་ཕྱོགས་གསུམ་པའི་ཚོང་རའི་མཉམ་ལས་སྤེལ་བར་མཉམ་དུ་ཞིབ་འཇུག་བྱེད་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།