ཟླ་བཅུ་གཉིས་པའི་ཚེས་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ལ་རྟོག་ཞིབ་མཛད་པར་མ་ཟད་མགོ་འཛིན་མཛད་དེ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་སྒྲིག་ལུགས་བྱ་བའི་ཐད་ནས་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ལ་རྟོག་ཞིབ་མཛད་པར་མ་ཟད་མགོ་འཛིན་མཛད་དེ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་སྒྲིག་ལུགས་བྱ་བའི་ཐད་ནས་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུའི་སྟེང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བས་འཆར་འགོད་སྒྲིག་ལུགས་འཕེལ་རིམ་ཐད་ནས་བྱ་བའི་སྙན་ཞུ་ཕུལ་བ་དང་། ནོ་པེ་ཨར་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ་པའི་སི་ཏེ་ཀི་ལིས་ཚིས་སོགས་ཆེད་མཁས་པས་གཏམ་བཤད། ལིས་ཁི་ཆང་གིས་གསུངས་རྒྱུར། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་གཏན་འཁེལ་བྱེད་སྐབས་ཀྲུང་དབྱང་གི་གྲོས་གཞི་དངོས་འབེབས་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་དམིགས་འབེན་དམ་འཛིན་བྱེད་པ་དང་། གསར་སྐྲུན་དང་མཐུན་སྦྱོར། ལྷད་མེད། སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་གསར་བ་ལག་བསྟར་བྱས་ནས་ཕྱོགས་སོ་སོའི་བློ་གྲོས་གཅིག་སྡུད་བྱེད་དགོས། ཐེངས་འདིར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐོག་དང་པོར་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་གདན་དྲངས་ནས་བློ་འདོན་ཇུས་འབུལ་བྱེད་དུ་འཇུག་པ་ནི་འཆར་འགོད་དེ་རང་རྒྱལ་གྱི་གནས་ཚུལ་ལ་རྐང་འཛུགས་པ་དང་དོན་དངོས་དང་མཐུན་པར་བྱེད་པ་མ་ཟད་རྒྱལ་སྤྱིའི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་། འབད་བརྩོན་བྱས་པ་བརྒྱུད་དེ་འབྲིང་རིམ་ཡོང་སྒོའི་དམིགས་འབེན་དུ་བསླེབ་པ་མངོན་འགྱུར་བྱེད་རྒྱུ་དེ་ཡིན་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། སྒྲིག་ལུགས་འཆར་འགོད་བཟང་བོ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྲིད་ཇུས་དང་གལ་ཆེན་དང་བཟོ་སྐྲུན་གལ་ཆེན། བྱེད་ཐབས་གལ་ཆེན་སྐོར་ཞིག་ལ་ཞིབ་འཇུག་བྱས་ཏེ། ཇུས་གཞི་གལ་ཆེན་འདོན་པ་དང་གཞི་རིམ་གྱི་གསར་སྐྲུན་སྙིང་སྟོབས་ལ་བརྩི་འཇོག་བྱས་ནས། ཆོས་ཉིད་བརྩི་སྲུང་དང་དམངས་དོན་མཚོན་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཆར་འགོད་བཟང་བོ་ཞིག་བཟོ་དགོས། ཀྲུང་དབྱང་དང་ས་གནས་ཕྱོགས་གཉིས་ཀྱི་བརྩོན་སེམས་གང་ལེགས་སྒོས་སྐུལ་བ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་དང་ཚོང་ར་གཙོ་བོའི་གསར་སྐྲུན་ནུས་པ་ཇེ་ཆེར་བཏང་ནས་དུས་ལྟར་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་འགན་སྲུང་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།